ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར་34.2སྐྱེལ་འདྲེན་བྱས་པ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་34.2སྐྱེལ་འདྲེན་བྱས་པ་དང་། ཆ་སྙོམས་ཉིན་རེར་དངོས་ཟོག་མེ་འཁོར་ཁྲི་18.92བླུགས་པ་དེ་དུས་མཚུངས་ལས་1.1%དང་1.8%སོ་སོར་འཕར་ཡོད་པ་རེད།
ད་ལོ་ཚུན་དུ། ལྕགས་ལམ་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བ་གཅིག་དང་སྐྱེལ་འདྲེན་གཅིག་སྡུད་གཅིག་གྱུར་གྱི་བཀོད་གཏོང་བཀོད་འདོམས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པར་ཟླ་དང་པོ་ནས་བཅུ་པའི་བར་། རྒྱལ་ཁབ་ལྕགས་ལམ་གྱིས་རྡོ་སོལ་ཏུན་དུང་ཕྱུར་17.5སྐྱེལ་འདྲེན་བྱས་པའི་ནང་གློག་འདོན་རྡོ་སོལ་ཏུན་དུང་ཕྱུར་11.6ཟིན་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་གློག་འདོན་བཟོ་གྲྭར་ཐད་ཀར་རྡོ་སོལ་མཁོ་འདོན་བྱས་པའི་གསོག་ཚད་མཐོ་ཙམ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་ཆབས་ཅིག་འབྲུ་རིགས་འཁོར་རྒྱུག་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་ཐོགས་མེད་བགྲོད་ལམ་བཏོད་དེ། སྐྱེལ་འདྲེན་བྱེད་ཤུགས་ལ་གཟིགས་སྐྱོང་དང་སྔོན་ལ་འགན་ལེན་བྱས་པར་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་འབྲུ་རིགས་ཏུན་དུང་ཕྱུར་1ལྷག་ཙམ་སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་11.7%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།