རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་འགན་སྒྲུབ་གསོ་སྦྱོང་བྱས་པ།
ཟླ་11ཚེས་16ནས་20ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་པེ་ཅིང་དུ་གསར་དུ་བསྐོ་གཞག་བྱས་པའི་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པའི”འགན་སྒྲུབ་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། ཧོ་པེ་དང་། ཅང་ཤིས། ཧུའུ་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན(ལྗོངས)6ནས་ཡོང་བའི་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་229གསོ་སྦྱོང་ལ་ཞུགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི《ཆོད་དོན》གྱིས་མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་སྐྱོང་དང་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་རྒྱལ་གྱིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་ལེན་བསྟར་བའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་མངོན་གསལ་དོད་པའི་ལེགས་ཆར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་དོན་གལ་ཆེན་དང་རྩ་བའི་གཞི་འཛིན་ས་ཁོང་དུ་ནན་པོ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།
དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་དང་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
གསོ་སྦྱོང་འཛིན་གྲྭར་ཆེད་དོན་སྙན་ཞུ་8བཀོད་སྒྲིག་བྱས་ཤིང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ལྷན་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་། སྔོན་རྩིས་ལས་དོན་ཨུ་ལྷན། འཐུས་མིའི་ལས་དོན་ཨུ་ལྷན། གཞུང་དོན་ཐིང་སོགས་ཚན་པའི་འབྲེལ་ཡོད་བློ་མཐུན་གདན་དྲངས་ཏེ་འབྲེལ་ཡོད་བརྗོད་དོན་གཙོ་བོར་དམིགས་ནས་སློབ་ཁྲིད་གནང་བ་རེད། གསོ་སྦྱོང་འཛིན་གྲྭར་ད་དུང་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་དང་། ཚོགས་ཆེན་གྱི་སྤེལ་རེས། ས་གནས་ས་ཐོག་གི་སློབ་ཁྲིད་བཅས་ཀྱང་སྒྲིག་འཛུགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།