ད་ལོ་ཚུན་དུ་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་ཆེ་རུ་བརྟན་པོ་ཕྱིན་པ།
ཉེ་ཆར་འཚོགས་པའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ད་ལོ་ཚུན་དུ། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་མུ་མཐུད་ཆེ་རུ་བརྟན་པོ་ཕྱིན་པ་དེ་ཚོང་ཟོག་འཛད་སྤྱོད“བརྟན་པོ”དང་། ཞབས་ཞུའི་འཛད་སྤྱོད“དར་རྒྱས” གསར་དར་འཛད་སྤྱོད“འཁྲུག་པོ”བཅས་ཀྱི་ཁྱད་ཆོས་གསུམ་ནས་མངོན་ཐུབ་ཅེས་བརྗོད་པ་རེད།
ཚོང་ཟོག་འཛད་སྤྱོད་ཐད། ཟླ་དང་པོ་ནས་བཅུ་པའི་བར། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་1%འཕར་ཞིང་། རླངས་འཁོར་ཕུད་པའི་འཛད་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་2.8%འཕར་ཡོད།
ཞབས་ཞུའི་འཛད་སྤྱོད་ཐད། ཟླ་དང་པོ་ནས་བཅུ་པའི་བར། ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་4.9%འཕར་ནས་འཕར་ཚད་ཚོང་ཟོག་སིལ་ཚོང་དངུལ་འབོར་ལས་བརྒྱ་ཆའི་གྲངས་4ཡིས་མཐོ་བ་ཡོད།
གསར་དར་འཛད་སྤྱོད་ཐད། འཛད་ཟོག་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱིས་འཛད་སྤྱོད་ལྗང་མདོག་ཅན་དང་རིག་ནུས་ཅན་གྱི་རིམ་སྤོར་མྱུར་གཏོང་ལ་སྐུལ་ཁྲིད་བྱས་ཡོད། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེན་པོ་ལས་མངོན་པར། རིག་ནུས་མིག་ཤེལ་དང་། ཕྱིར་མངོན་རུས་སྒྲོམ་རམ་འདེགས་ཡོ་བྱད། གཟུགས་ཅན་རིག་ནུས་འཕྲུལ་མི་སོགས་རིག་ནུས་ཐོན་རྫས་གསར་པའི་ཕྱིར་ཚོང་བྱེད་ཚད་མགྱོགས་མྱུར་འཕར་ནས་འཛད་སྤྱོད་ཕྱོགས་སྒྱུར་རིམ་སྤོར་ལ་བར་མཐོངས་གསར་པ་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།