ནོར་སྲིད་པུས་ཤང་ཀང་དུ་ཨ་སྒོར་གྱི་བདག་དབང་བུན་ལོར་བདེ་བླག་ངང་འགྲེམས་སྤེལ་བྱས་པ།
ཚེས་20ཉིན། ནོར་སྲིད་པུའི་2026ལོའི་ཨ་སྒོར་གྱི་བདག་དབང་བུན་ལོར་འགྲེམས་སྤེལ་མཛད་སྒོ་ཤང་ཀང་དངུལ་རྩ་དོ་དམ་ཅུས་སུ་འཚོགས་ཤིང་། ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ཁྱབ་བསྒྲགས་བྱས་དོན། ནོར་སྲིད་པུས་ཀྲུང་དབྱང་སྲིད་གཞུང་གི་ཚབ་ཞུས་ནས་ཟླ་11ཚེས་19ཉིན་ཤང་ཀང་དུ་ཨ་སྒོར་དུང་ཕྱུར་20ཡི་བདག་དབང་བུན་ལོར་བདེ་བླག་ངང་འགྲེམས་སྤེལ་བྱས་པ་དང་། རྒྱལ་སྤྱིའི་མ་རྩ་འཇོག་མཁན་གྱིས་ཧུར་ཐག་ཉོས་ཡོད་ཅིང་། ཉོས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་723ཟིན་པ་དེ་འགྲེམས་སྤེལ་དངུལ་འབོར་གྱི་ལྡབ་36རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འགྲེམས་སྤེལ་བྱས་པའི་ཨ་སྒོར་གྱི་བདག་དབང་བུན་ལོར་དུས་ཡུན་ལོ་3ཡིན་པ་དང་། འགྲེམས་སྤེལ་གྱི་སྐྱེད་ཚད་4.821%རེད། མ་རྩ་འཇོག་མཁན་གྱི་རིགས་སྣ་ཚོགས་ཡིན་པ་དང་ས་ཁོངས་ཁྱབ་རྒྱ་ཆེན་པོ་ཡོད་ཅིང་། ཨེ་ཤེ་ཡ་དང་། ཡོ་རོབ་དང་འཛམ་གླིང་དབུས་ཤར་ས་ཁུལ། མེ་གླིང་བཅས་ཀྱི་མ་རྩ་འཇོག་མཁན་གྱིས་52%དང་། 34% 14%བཅས་ཁག་སོ་སོར་བཟུང་བ་དང་། བདག་དབང་རིགས་དང་། ཐེབས་རྩའི་མ་རྩ་དོ་དམ། དངུལ་ཁང་དང་འགན་བཅོལ། ཉོ་ཚོང་ཚོང་པ་སོགས་ནས་ཡིན་པའི་མ་རྩ་འཇོག་མཁན་གྱིས་59%དང་། 29% 11% 1%བཅས་ཁག་སོ་སོར་བཟུང་ཡོད། ད་ཐེངས་འགྲེམས་སྤེལ་བྱས་པའི་བུན་ལོར་ཚང་མ་ཤང་ཀང་མཉམ་འབྲེལ་ཉོ་ཚོང་ཁང་ནས་ཁྲོམ་རར་འདོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།