དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2030ལོར་སླེབས་སྐབས་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་སྔོན་ལ་ཡང་བའི་བཟོ་ལས་ཀྱི་ཚད་གཞིའི་མ་ལག་གཞི་རྩའི་ཆར་ཆགས་པར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-23

    ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཚད་གཞི་མཐོར་གཏོང་ལ་བརྟེན་ནས་ཡང་བའི་བཟོ་ལས་ལེགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་བྱེད་པའི་ལག་བསྟར་ཇུས་གཞི》ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ཏེ། 2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་སྔོན་ལ་ཡང་བའི་བཟོ་ལས་ཀྱི་ཚད་གཞིའི་མ་ལག་གཞི་རྩའི་ཆར་ཆགས་པར་བྱས་ཏེ་ཚད་གཞི་མཁོ་འདོན་སྔར་བས་ནུས་ལྡན་ཡོང་བར་བྱས་ཐོག རང་རྒྱལ་གྱི་ཡང་བའི་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་བཏོན་པ་རེད།

    ཡང་བའི་བཟོ་ལས་ནི་དམངས་འཚོའི་ཐོན་ལས་གལ་ཆེན་ཞིག་ཡིན། དེས་ན་ལག་བསྟར་ཇུས་གཞིའི་ནང་། ཚད་གཞི་རིམ་སྤོར་ལ་བརྟེན་ནས་ཡང་བའི་བཟོ་ལས་དེ་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ལ་སྒྱུར་བར་ཁྲིད་སྟོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་པ་དང་འབྲེལ། 2027ལོར་སླེབས་སྐབས་ཡང་བའི་བཟོ་ལས་ཚད་ལྡན་ཅན་དུ་སྒྱུར་བའི་ལས་ཀའི་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་རྫས་ཀྱི་ཚད་གཞི་དང་བྱ་ཐབས་ཀྱི་ཚད་གཞི་སོགས་ཀྱི་རྣམ་གྲངས་200ཙམ་བཟོ་བ་དང་བསྐྱར་བཅོས། ཚད་གཞི་ཁག་100ཙམ་ལག་བསྟར་བྱེད་ཚུལ་ལ་དཔྱད་དཔོག་དབྱེ་ཞིབ་དང་བསྐྱར་ཞིབ། ཡང་བའི་བཟོ་ལས་ཀྱི་ཚད་གཞིའི་ཕྱི་རྒྱལ་ཡི་གེའི་པར་གཞི་ཁག་30ཙམ་སྒྱུར་བཟོ་བཅས་བྱས་ནས། སྣེ་ཁྲིད་དེ་བསྐྱར་བཅོས་བྱས་པའི་རྒྱལ་སྤྱིའི་ཚད་གཞིའི་བསྡུར་ཚད་8%ཙམ་བར་མཐོ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད་པ་རེད།

    ལག་བསྟར་ཇུས་གཞི་དེས་མ་ལག་ལེགས་གཏོང་དང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་དང་། བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞིའི་རྨང་གཞི་བརྟན་གཏོང་གི་བྱ་སྤྱོད་སོགས་བྱ་སྤྱོད་6ལ་དམིགས་ནས། བྱེད་ཐབས་རབ་དང་རིམ་པ་བཀོད་སྒྲིག་བྱས་པའི་ནང“ལོ་ལྔ་ཚན་བཅོ་ལྔ་པའི”ཡང་བའི་བཟོ་ལས་ཀྱི་ཚད་གཞིའི་མ་ལག་སྒྲིག་འཛུགས་བྱས་ནས་བཟོ་བ་དང་། ཡང་བའི་བཟོ་ལས་ཀྱི་གྲངས་རིག་ཅན་ཕྱོགས་སྒྱུར་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ཕྱོགས་སྟོན་བཟོ་བ། “ཐཱན་མེད་བཟོ་གྲྭའི”ཚད་གཞི་འཚོལ་ཞིབ་བྱས་ནས་བཟོ་བ། རྒན་རྒོན་ཚོགས་སྤྱི་དང་རྒན་གསོའི་སྒྲིག་གཞི་སོགས་ཀྱིས་ཁས་ལེན་དཔང་ལེན་ཡོད་པའི་རྒན་རྒོན་གྱི་སྤྱོད་ཆས་ཐོན་རྫས་ཉོ་སྒྲུབ་ཐུབ་པར་ལྕག་སྐུལ། “རྒྱུད་གཅིག་ལམ་གཅིག”དང་འབོ་གསེར་རྒྱལ་ཁབ་སོགས་རྒྱལ་སྤྱིའམ་ཡང་ན་ས་ཁོངས་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་ཚད་གཞི་སྦྲེལ་མཐུད་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་སོགས་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་9པའི་བར་རང་རྒྱལ་གྱིས་ལག་བསྟར་བྱེད་བཞིན་པའི་ཡང་བའི་བཟོ་ལས་ཀྱི་ཚད་གཞི་ནུས་ལྡན་ཁག་7200ལྷག་ཙམ་ཟིན་པ་དང་། ལྷག་པར་དུ“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་གསར་བཟོ་དང་བསྐྱར་བཅོས་བྱས་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་47ཡོངས་བསྒྲགས་བྱས་ནས་ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། རྩེད་ཆས། ལྷམ་བཟོ་བ། གློག་སྒྲོན་སོགས་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་ལ་ཁྱབ་པའི་ཅུང་འཐུས་སྒོ་ཚང་བའི་ཡང་བའི་བཟོ་ལས་ཀྱི་ཚད་གཞིའི་མ་ལག་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།