དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་གསུམ་པའི་ལན་ཧྭ་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-23

    ཟླ་11ཚེས་20ཉིན། སྐབས་གསུམ་པའི་ལན་ཧྭ་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ལན་ཧྭ་བྱ་དགའ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ཏེ། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་དང་སྒྲིག་གཞིར་སྤྲོད་པའི་གཟེངས་བསྟོད་དང་བྱ་དགའ་ཞིག་རེད། ཧྥ་རན་སེའི་རང—མ་ལི·ཅུས་སི་ཐཱ་ཧྥུའུ·ལེ་ཁེ་ལའེ་ཆི་ཨའོ་དང་། སིང་ཀ་ཕོར་གྱི་མཱ་ཁའེ་ཧྲོ། ཨ་རིའི་ཡཱ་ཏང·ཧྥུའུ་སི་ཐེ་སོགས་རྒྱལ་སྤྱིའི་གྲོགས་པོ་10ལ་ད་རེས་ཀྱི་ལན་ཧྭ་བྱ་དགའ་ཐོབ་ཡོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་ལན་ཧྭ་བྱ་དགའ་ནི་ཀྲུང་གོ་ནས་བྱུང་བ་ཞིག་ཡིན་ལ་འཛམ་གླིང་དང་སྦྲེལ་ཡོད། བྱ་དགའ་དེ་སྤྲད་པ་ནས་ད་བར་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ་ཤེས་དཔལ་མི་འདྲ་བའི་མཐུན་འགྲོགས་མཉམ་གནས་ཡོང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད་ལ། རྒྱལ་ཁབ་ཁག་གི་ཤེས་དཔལ་བློ་སེམས་གཅིག་མཐུན་དང་ཕན་ཚུན་སྐུལ་འདེད་དང་འཕེལ་རྒྱས་ཡོང་བར་དཔང་པོར་གྱུར་བའང་ངོས་འཛིན་བྱས་ཡོད།

    ཚོགས་ཞུགས་སྐུ་མགྲོན་གྱིས་འདྲ་མཉམ་ངང་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། སྣ་མང་ཤེས་དཔལ་བསྟུན་མཁས་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་རྩ་བ་བསྲུངས་ནས་མིའི་རིགས་ཀྱི་ཤེས་དཔལ་གཅིག་རྒྱུན་གཅིག་འཛིན་ཐུབ་པར་སྐུལ་འདེད་གཏོང་བ། གྲངས་རིག་གིས་མཐུན་རྐྱེན་སྦྱོར་བར་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་གྱི་གྲུབ་འབྲས་ཀུན་ཕན་མཉམ་སྤྱོད་ཐུབ་རྒྱུར་རམ་འདེགས་བཅས་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།