དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོའི་སྨན་པ་ཡག་པོ་དང་སྨན་གཡོག་ཡག་པོ”ཧོ་ནན་དུ་བསྐྱོད་དེ་ཡུལ་དངོས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-23

    ཟླ་11ཚེས་20ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ཀྲུང་གོའི་སྨན་པ་ཡག་པོ་དང་སྨན་གཡོག་ཡག་པོ”ཧོ་ནན་དུ་བསྐྱོད་དེ་ཡུལ་དངོས་ཀྱི་སྤེལ་རེས་བྱེད་སྒོ་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་སྤེལ་ཞིང་། 2025ལོའི་ཁག་གསུམ་པ་དང་བཞི་པ་དང་། 2026ལོའི་ཁག་དང་པོ་དང་གཉིས་པ་བཅས་ཀྱི“ཀྲུང་གོའི་སྨན་པ་ཡག་པོ་དང་སྨན་གཡོག་ཡག་པོའི”མིང་ཐོ་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པའི་ནང་། འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ཕུལ་བྱུང་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་119ཡོད་པ་རེད།

    བྱེད་སྒོའི་ཐོག་དྲིལ་བསྒྲགས་གློག་བརྙན་དང་། འདྲི་གླེང་། ཡུལ་རྣམ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་སྨན་དོན་ལས་དོན་པས་མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུས་པའི་གཏམ་རྒྱུད་བརྗོད་ཡོད་དེ། ཁོང་ཚོ་ལ་ལས་བདེ་ཐང་དོ་དམ་ལས་ཀ་ཡུལ་མི་ཚོའི་སྒོ་རྩར་བསྒྲུབས་པ་དང་། ལ་ལས་ཀྱིས་འདར་ནད་སེལ་ཆེད་མི་ཚེ་གང་པོ་ལེགས་སྐྱེས་ཕུལ་བ། ལ་ལས་སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་དེ་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་བསྲུངས་པ། ལ་ལས་ཀྱིས་བཅོས་དཀའ་བའི་ནད་གཞི་དག་སྨན་བཅོས་བྱས་ནས“ཀྲུང་གོའི་ཚད་གཞི”བཟོས་པ། ཁ་ཤས་ཀྱིས་དགེ་སློབ་མི་རབས་གསུམ་ཚང་མ“མི་དམངས་དང་ཐག་ཉེ་ཙམ་གྱི”སྨན་པ་ཡག་པོ་བྱས་པ་སོགས་རེད། བྱེད་སྒོའི་མཇུག་ཏུ། རྒྱང་སྐྱོད་ལམ་རྒྱུད་ཀྱི་ཞིང་ཆེན་ཁག་གི་སྨན་དོན་ལས་དོན་པས་སྙན་ངག《སྨན་པའི་རྒྱང་སྐྱོད》གྱེར་འདོན་བྱས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དུས་རབས་གསར་པར་རྒྱུན་འཛིན་བྱེད་ལུགས་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།