2027ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ནང་མིང་ཐོ་འགོད་མཁན་ཁྱོན་མི་ཁྲི་347ཟིན་པ།
2027ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་རྒྱུགས་དེ་2026ལོའི་ཟླ་12ཚེས་19དང་ཚེས་20ཉིན་གཏོང་རྒྱུ་ཡིན་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2027ལོར་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ནང་མིང་ཐོ་འགོད་མཁན་ཁྱོན་མི་ཁྲི་347ཟིན་ཡོད།
ཉེ་ཆར། སློབ་གསོ་པུའུ་ཡིས་རྒྱལ་ཁབ་སློབ་གསོ་གཅིག་གྱུར་རྒྱུགས་ལེན་ལས་དོན་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་གཏོགས་ཚན་པ་ཁག་དང་མཉམ་དུ། 2027ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་རྒྱུགས་ལེན་བདེ་འཇགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞིབ་འཇུག་སློབ་མའི་རྒྱུགས་ལེན་གྱི་བདེ་འཇགས་ལས་དོན་ལ་འཕྲད་པའི་དུས་བབ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་དང་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་བཏང་སྟེ་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས“དུས་བདེའི་ཞིབ་འཇུག་སློབ་མའི་རྒྱུགས་ལེན”གྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་འགྲུབ་དགོས་པ་བསྟན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགག་གནད་གཙོ་བོར་དམ་འཛིན་བྱས་ནས། བརྗོད་གཞིའི་རིན་ཐང་ཕྱོགས་སྟོན་གྱི་འགག་སྒོ་དང་ཚན་རིག་དང་མཐུན་པའི་སྤུས་ཚད་ཀྱི་འགག་སྒོ་བརྟན་པོ་སྲུང་བ་དང་། རྒྱུགས་ཤོག་གི་ནང་དོན་དང་ཕྱོགས་ཡོངས་ཀྱི་ཉེན་ཁ་གྲལ་བཤེར་དང་བརྒྱུད་རིམ་ཧྲིལ་པོའི་བཀག་སྡོམ་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་རྒྱུགས་ཤོག་གི་ནང་དོན་ཕྱིར་མི་གྱར་བའི་འགན་ལེན་བྱེད་དགོས་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་རྒྱུགས་རའི་བདེ་འཇགས་དང་སྔོན་འགོག་གི་མ་ལག་འཛུགས་པ་དང་། རྒྱུགས་སྤྲོད་སློབ་མ་རྒྱུགས་རར་སྐྱོད་རིང་གི་ཞིབ་བཤེར་དང་རྒྱུགས་སྤྲོད་བརྒྱུད་རིམ་ཧྲིལ་པོར་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཚོགས་ཆུང་གི་རྒྱུགས་སྤྲོད་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་སྲུང་དགོས། མཐུན་སྦྱོར་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ནས་མཉམ་དུ་ཆེད་དོན་བྱ་སྤྱོད་སྤེལ་ཏེ་ཡིག་རྒྱུགས་རྐུ་བཤུའི་བྱེད་སྤྱོད་ལ་དོགས་ཟོན་ནན་ཆེ་དང་རྡུང་རྡེག་ནན་པོ་བཏང་ནས་རྒྱུགས་སྤྲོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་དྭངས་གཙང་ཡོང་བར་བྱེད་དགོས། རྒྱུགས་སྤྲོད་སློབ་མའི་དགོས་མཁོ་དང་བསྟུན་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐོག ལུགས་མཐུན་གྱི་རྒྱུགས་སྤྲོད་ཡོང་བར་སྟབས་བདེ་ཧུར་ཐག་བསྐྲུན་ནས་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།