ཧོ་ནན་པོ་ཨའེ་རུ་བྱམས་བརྩེའི་འཚམས་འདྲི་ཞུས་ནས་དགེ་སེམས་བརྒྱུད་སྤྲོད་བྱས་པ།

འདི་ནི་2026ལོའི་ཟླ་11ཚེས་20ཉིན། ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་པོ་ཨའེ་རྫོང་ཆིང་ཧྭ་གྲོང་རྡལ་ཁྲོམ་གཞུང་གི་ཆི་ཅེ་སློབ་ཆུང་དུ་སློབ་མ་ཚོས་རང་ཉིད་ཀྱིས་བཟོས་པའི་འཛུམ་མདངས་མཚོན་པའི་འདྲ་གཟུགས་ཤོག་བྱང་སྟོན་བཞིན་པ། འཛམ་གླིང་འཚམས་འདྲིའི་ཉིན་མོའི་གོ་སྐབས་དང་བསྟུན་ནས་པོ་ཨའེ་རྫོང་གི་རྫོང་ཐད་གཏོགས་བུ་བཅོལ་ཁང་དང་ཆི་ཅེ་སློབ་ཆུང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཏེ། ཕྲུ་གུ་ཚོར་གུས་ཞབས་མཚོན་སྟངས་དང་རང་འགུལ་ངང་འཚམས་འདྲི་ཞུ་བར་ཁྲིད་སྟོན་བྱས་པ་དང་། དྲོ་སྐྱིད་མཉམ་འགུལ་ལ་བརྟེན་ནས་མཛའ་གྲོགས་འཆམ་མཐུན་གྱི་གཤིས་རྒྱུད་སྐྱེད་སྲིང་བྱས་ཏེ། ཡ་རབས་དང་གུས་ཞབས་བྱིས་པའི་སེམས་སུ་འཇགས་པར་བྱས་ཤིང་། མི་དང་མིའི་དབར་བསམ་ཤེས་དང་བསྟུན་མཁས་ཟབ་ཏུ་གཏོང་བ། མཛའ་གྲོགས་འཆམ་མཐུན་གྱི་སློབ་གྲྭའི་ཁོར་ཡུག་གཏོད་པ་བཅས་བྱས་ནས་ལོ་ཆུང་བྱིས་པ་ཚོ་ཡ་རབས་སྤྱོད་བཟང་ཅན་ཆགས་རྒྱུ་དང་བརྩེ་སེམས་དང་དགེ་སེམས་བརྒྱུད་སྤྲོད་བྱེད་པར་རམ་འདེགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།