རང་རྒྱལ་གྱི་མཚོ་ཐོག་ཐཱན་སྣོན་རླངས་འཕར་ལག་རྩལ་དཔེ་སྟོན་བཀོལ་སྤྱོད་རྣམ་གྲངས་ཀྱི་སྐམ་སའི་ལས་གྲྭ་བསྐྲུན་ཟིན་པ།

ཟླ་11ཚེས་20ཉིན། མཚོ་སྣུམ་ལས་གྲྭའི་ཆིང་ཏའོ་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་རྟེན་གཞིར་ལྗིད་ཚད་ཏུན་ཁྲི་1.7ཟིན་པའི་ལྟེ་བའི་ལས་སྟེགས་འདི་གྲུ་གཟིངས་ནང་བླུགས་པ་དང་བསྟུན་ནས། རང་རྒྱལ་གྱི་མཚོ་ཐོག་ཐཱན་སྣོན་རླངས་འཕར་ལག་རྩལ་དཔེ་སྟོན་བཀོལ་སྤྱོད་རྣམ་གྲངས་ཐོག་མའི་སྐམ་སའི་ལས་གྲྭ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་ཟིན་ཏེ་མཚོ་ཐོག་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་ཡོད། རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་ལྟར་མཚོ་འོག་ས་རིམ་དུ་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་100ལྷག་ཙམ་སྡོམ་ཉར་ཐུབ་པས། རང་རྒྱལ་གྱི་རྒྱ་མཚོའི་ནུས་རྒྱུའི་ལས་རིགས་ཀྱིས་གཞི་ཁྱོན་ཆེན་པོས་ཐཱན་ཉུང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།