ལས་རིགས་སློབ་གསོའི་སྤེལ་རེས་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཤེས་ལྡན་པ་འཚར་ལོངས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ།

འདི་ནི་ཀེ་རི་སེའི་དགེ་རྒན་ཚོགས་པའི་སློབ་མས་ཐེན་ཅིན་ལས་རིགས་ལག་རྩལ་དགེ་འོས་སློབ་ཆེན་དུ་སྐྱེ་དངོས་བཟོ་སྐྲུན་སྒྲིག་ཆས་ལག་རྩལ་གསོ་སྦྱོང་ལྟེ་གནས་ལ་ལྟ་སྐོར་བྱེད་བཞིན་པ།

འདི་ནི་ཁམ་ཕུ་ཁྲེའི་ཕྱི་སྦྱོང་སློབ་མས་ཧྲན་ཏུང་གི་ཡང་བའི་བཟོ་ལས་ལས་རིགས་སློབ་གླིང་དུ་གྱོན་ཆས་ཇུས་འགོད་དང་བཟོ་རྩལ་སྦྱོང་བཞིན་པ།

འདི་ནི་ཐེ་ལན་གྱི་དགེ་རྒན་ལས་བཟོའི་འཚམས་འདྲི་ཚོགས་པས་ཀྲེ་ཅང་འགྲིམ་འགྲུལ་ལག་རྩལ་ཆེ་མོ་བའི་སློབ་གླིང་གི་པཱ་ཧཱ་འགྲན་འཁོར་རྣམ་གྲངས་ལས་དོན་ཁང་དུ་འདྲ་བཟོས་རླངས་འཁོར་ཉམས་ལེན་བྱེད་བཞིན་པ།

འདི་ནི་ཧྲང་ཧའེ་རུ་གཉེར་བའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཞེ་བརྒྱད་པའི་འགྲན་ར་ཡིན་པ།

འདི་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དེང་རབས་བཟོ་བོའི་སློབ་གླིང་དུ་ཧིན་རྡུ་ཉི་ཞི་ཡའི་མངགས་ཐོའི་འཛིན་གྲྭའི་སློབ་མས་ལིས་གློག་རྫས་ཐོན་སྐྱེད་བརྒྱུད་རིམ་གྱི་ཉམས་བཟོའི་ལག་རྩལ་སྦྱོང་བཞིན་པ།

འདི་ནི་དབྱི་ཐ་ལིའི་སློབ་མས་ཐེན་ཅིན་དེང་རབས་ལས་རིགས་ལག་རྩལ་སློབ་གླིང་དུ་མི་མེད་གནམ་གྲུ་གཏོང་སྟངས་སྦྱོང་བཞིན་པ།
ཁམ་ཕུ་ཁྲེའི་ཕྱི་སྦྱོང་སློབ་མ་ནཱ་མེ་ཡིས་བརྗོད་དོན།
ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་བའི་གོ་སྐབས་ཐོབ་བྱུང་།
རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་ཚད་བརྒལ་བྱུང་ནས། གོ་ལ་ཧྲིལ་པོའི་རྩལ་ནུས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། ལས་རིགས་སློབ་གསོ་དང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་དོན་སྙིང་གལ་ཆེན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་དེང་རབས་ལས་རིགས་སློབ་གསོའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་འདེགས་སྐྱོར་བརྟན་དུ་བཏང་ནས་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་ཡོད། ཁམ་ཕུ་ཁྲེ་དང་། མ་ལེ་ཞི་ཡ། ལོ་སི་སོགས་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མ་ཀྲུང་གོར་ཡོང་ནས་གྱོན་ཆས་ཇུས་འགོད་ཀྱི་སློབ་སྦྱོང་དང་སྦྲགས། བཟོ་རྩལ་དངོས་སྦྱོང་ཁང་དང་། རྒྱལ་སྒྲོལ་དྲ་ཚོང་དངོས་སྦྱོང་བྱེད་ས། མི་མེད་གནམ་གྲུ་ཚོད་འཕུར་རྟེན་གཞི་བཅས་སུ་དངོས་སྦྱོང་གཏིང་ཟབ་བྱས་ཤིང་། སློབ་ཁང་དང་ཐོན་ལས་འཁོར་འབྲེལ་ཁྲོད་ནས་འཇོན་ཐང་སྦྱངས་པ་དང་ཆབས་ཅིག དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ནས་ཀྲུང་གོ་ཤེས་ཚོར་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཡང་བའི་བཟོ་ལས་ལས་རིགས་སློབ་གླིང་གིས་ལས་རིགས་སློབ་གསོ་རྒྱལ་སྤྱི་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱ་ཡིག་དང་ལས་རིགས་རྩལ་ནུས་ཟུང་དུ་འབྲེལ་བའི་ཕྱི་སྦྱོང་སློབ་མ་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་ཀྱིས་སྐད་ཡིག་སློབ་སྦྱོང་དང་། ཆེད་ལས་རྩལ་ནུས། མངོན་མིན་རིག་གནས་ཤུལ་བཞག་བཅས་ཕྱི་སྦྱོང་སློབ་མའི་སློབ་གསོར་ཁྱབ་པར་བྱས་ཏེ། རྒྱ་ཡིག་ཤེས་ལ་ཆེད་ལས་རྩལ་ནུས་ཀྱང་ལྡན་པའི་ཤེས་རྩལ་གཉིས་ལྡན་གྱི་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད། 2024ལོའི་ཟླ་11པར། སློབ་གླིང་གིས་ཁེ་ལས་ཀྱི་དགོས་མཁོ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས། ལུའུ་ཐའེ་ཚོགས་པ་དང་ཁམ་ཕུ་ཁྲེ་ཁྲའེ་ཀྲེན་སློབ་ཆེན་དང་མཉམ་དུ་ཁམ་ཕུ་ཁྲེའི“པན·མོ་སློབ་གླིང”བཙུགས་ཏེ། སློབ་གླིང་དང་། ཁེ་ལས། ཕྱི་རྒྱལ་གྱི་སློབ་གླིང་བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་པོའི་མཐུན་སྦྱོར་མི་སྣ་སྐྱོང་སྟངས་བཏོད་ནས་ཁེ་ལས་ཀྱི་ལས་གནས་དགོས་མཁོ་དང་འཚམ་པའི་གསོ་སྐྱོང་ཇུས་གཞི་བཟོས་ཡོད།
2025ལོའི་ཟླ་3པར། ཁམ་ཕུ་ཁྲེའི“པན·མོ་སློབ་གླིང”གི་ཕྱི་རྒྱལ་གྱི་མངགས་ཐོའི་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་། ནཱ་མེ་ཡིས་ཕ་ཡུལ་ཁམ་ཕུ་ཁྲེའི་ལཱ་ཅེ་ཧྲ་ཤིས་ནས་ཧྲན་ཏུང་དུ་ཡོང་སྟེ་གྱོན་ཆས་ཇུས་འགོད་དང་བཟོ་རྩལ་སྦྱངས། ཁོང་གིས“འདི་གར་ཐོག་མར་འབྱོར་སྐབས་ངས་རྒྱ་ཡིག་གི་ཆེད་ལས་ཐ་སྙད་མང་པོ་གཏན་ནས་གོ་གི་མི་འདུག རྗེས་སུ་དགེ་རྒན་དང་སློབ་གྲོགས་ཚོའི་རོགས་རམ་འོག་རྒྱ་ཡིག་ཧུར་ཐག་སྦྱངས་པ་མ་ཟད། རྒྱ་ཡིག་གི་ཐད་ནས་གྱོན་ཆས་བཟོ་རྩལ་གྱི་གནད་འགག་ཟིན་དེབ་ཐོག་བཀོད་ཡོད”ཅེས་བཤད།
ལོ་གཅིག་ལྷག་ཙམ་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་པ་བརྒྱུད། ད་ཆ་ནཱ་མེས་གྱོན་ཆས་ཀྱི་བཟོ་རིམ་ཁག་བྱང་ཆུབ་ལ། བཟོ་ལྟ་མི་འདྲ་བའི་གྱོན་ཆས་ཀྱང་ཇུས་འགོད་ཐུབ་ཀྱི་ཡོད། ནཱ་མེས“ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་ང་ཚོར་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་བའི་གོ་སྐབས་ཐོབ་བྱུང་། ངའི་ནང་མི་དང་གྲོགས་པོ་ཚང་མས་རང་ཉིད་ཀྲུང་གོར་སློབ་སྦྱོང་བྱེད་པར་བསྐྱོད་པར་སྤོབས་པ་བྱེད་ཀྱི་ཡོད། རྒྱ་ཡིག་གི་ཆུ་ཚད་མཐོ་རུ་དང་ཇུས་འགོད་ཀྱི་འཇོན་ཐང་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྒྱུ་དེ་བས་མང་བ་བརྩམས་ཆོས་ནང་མཉམ་འདྲེས་བྱས་ཏེ་ཁམ་ཀྲུང་རིག་གནས་སྤེལ་རེས་ཀྱི་ཕོ་ཉར་འགྱུར་བའི་རེ་བ་ཡོད”ཅེས་བཤད།
མ་ལེ་ཞི་ཡའི་ཕྱི་སྦྱོང་སློབ་མ་ཅིན་ཡེ་ཧྲང་གིས་བརྗོད་དོན།
སློབ་དེབ་ནས་སྦྱངས་མི་ཐུབ་པའི་ཉམས་མྱོང་རྩ་ཆེན་ཤེས་བྱུང་།
ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་གི་ཚོང་ཁང་ཞིག་གི་མདུན་ནས། མ་ལེ་ཞི་ཡ་ནས་ཡིན་པའི་ཕྱི་སྦྱོང་སློབ་མ་ཅིན་ཡེ་ཧྲང་གིས་ཟིན་བྲིས་རྒྱག་ཞོར་ཚོང་པ་ཞིག་ལ་རྒྱལ་སྒྲོལ་དྲ་ཐོག་ཚོང་ཁང་གཉེར་ལུགས་གཉེར་སྟངས་འདྲི་བ་མཐོང་བྱུང་། ཀྲེ་ཅང་ཆུ་བེད་ཆུ་གློག་སློབ་གླིང་ནན་ཤུན་སློབ་ཁུལ་གྱི་རྒྱལ་སྤྱིའི་ཚོང་དོན་ཆེད་ལས་སློབ་མ་ཞིག་ཡིན་པའི་ཁོང་གིས་ཆེད་མངགས“འཛམ་གླིང་གི་སྒོ་རྩིས་ཚོང་ཁང”འདིར་ཡོང་ནས་ཚོང་པར་ཚོང་གཉེར་གྱི་ཐབས་བཟང་དྲིས་ཏེ་ཁྲོམ་རའི་ཉམས་མྱོང་གསོག་ཐབས་བྱེད་བཞིན་ཡོད།
ཀྲེ་ཅང་ཆུ་བེད་ཆུ་གློག་སློབ་གླིང་གིས་རྒྱལ་སྒྲོལ་དྲ་ཚོང་གི་ཁྱད་ལྡན་སློབ་ཚན་ལ་བརྟེན་ནས་སྐད་ཡིག་སློབ་སྦྱོང་དང་། ཆེད་ལས་སློབ་ཁྲིད། ཐོན་ལས་ལག་ལེན་བཅས་གཞི་གཅིག་ཏུ་བསྡུས་ཏེ། རྒྱལ་སྤྱིའི་ཚོང་དོན་སྦྱོང་མཁན་ཕྱི་སྦྱོང་སློབ་མར་རྒྱ་ཡིག་དང་། ཚོང་དོན། ཚོང་གཉེར་བཅས་ཀྱི་ཤེས་རྩལ་འཛོམས་པའི་ཚོང་དོན་ཤེས་ལྡན་པ་40ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཅིན་ཡེ་ཧྲང་གིས་རང་ཉིད་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་དོན་ནི། ཀྲུང་གོའི་གྲངས་འཛིན་དྲ་ཚོང་གཉེར་སྟངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ཡིན། ཀྲེ་ཅང་གི་དྲ་ཚོང་ལས་སྟེགས་གཅིག་སྡུད་ཆེ་བའི་ཁར་མཁོ་སྤྲོད་འཁོར་འབྲེལ་དར་ཞིང་རྒྱས་པ་དང་ཟོག་འགྲུལ་མ་ལག་འཐུས་སྒོ་ཚང་བ་མ་ཟད། དྲ་ཐོག་ནས་ཐད་གཏོང་དང་། ཁྲོམ་རའི་ཉོ་སྒྲུབ་ཚོང་དོན་སོགས་ཀྱི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། “དེ་གར་སློབ་ཁང་དང་ཁྲོམ་ར་སྦྲེལ་ནས་ཡོད་ལ། སློབ་ཁྲིད་དང་ཐོན་ལས་སྦྲེལ་མཐུད་བྱུང་བས། གྲངས་འཛིན་ཚོང་དོན་ཇི་འདྲ་ཡིན་པ་ཐད་ཀར་ཉམས་སུ་མྱོང་ཐུབ་ཀྱི་ཡོད”ཅེས་བཤད།
“ངས་ཀྲུང་གོ་ནས་སྦྱངས་པའི་རྒྱལ་སྒྲོལ་དྲ་ཚོང་ཚོང་གཉེར་ཉམས་མྱོང་དག་ཨེ་ཤེ་ཡ་ཤར་ལྷོར་སྤེལ་རྒྱུ་ཡིན”ཞེས་ཅིན་ཡེ་ཧྲེང་གིས་བཤད། ཁོང་གིས་མ་ལེ་ཞི་ཡའི་ཁྲོམ་རར་ཕྱོགས་པའི་རྒྱལ་སྒྲོལ་དྲ་ཐོག་ཚོང་ཁང་ཞིག་ཚོད་ལྟ་གཉེར་སྐྱོང་བྱེད་བཞིན་ཡོད་པ་དེར་ཁྱིམ་ཆས་བརྒྱ་ཟོག་གཙོ་བོར་འཚོང་གི་ཡོད། ཅིན་ཡེ་ཧྲང་གིས་དེ་གའི་འཛད་སྤྱོད་ཀྱི་གོམས་གཤིས་དང་བསྟུན་ནས་ཐོན་རྫས་འདེམས་པ་དང་། ཡིག་རིས་བཟོ་བ། བརྙན་ཐུང་ཕབ་སྟོན་བཅས་བྱས་པ་དང་། བརྙན་ཐུང་ལ་བརྟེན་ནས་ཚོང་འགུགས་ཐབས་བྱས་པར་ཚོང་ཁང་གི་མངགས་ཐོ་བརྟན་པོའི་ངང་འཕར་ཡོད། ཁོང་གིས་ད་དུང་ལས་ཞོར་དུ་སྨྱན་སྦྱོར་ཐོག་མ་ལེ་ཞི་ཡའི་གཉེན་ཉེ་ཚོར་ཀྲུང་གོར་སྡོད་སྐབས་ཀྱི་འཚོ་བ་མཉམ་སྤྱོད་བྱེད་པ་དང་། ཀྲུང་གོའི་སློབ་གྲོགས་ལའང་མ་ལེ་ཞི་ཡའི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱེད་ཀྱི་ཡོད།
ལོ་སིའི་ཕྱི་སྦྱོང་སློབ་མ་ལི་ཕིང་གིས་བརྗོད་དོན།
མི་མེད་གནམ་གྲུ་གཏོང་སྟངས་ཡག་པོ་ཤེས་བྱུང་།
ལི་ཕིང་ནི་ཤིས་ཨན་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་མི་མེད་གནམ་གྲུ་བཀོལ་སྤྱོད་ལག་རྩལ་ཆེད་ལས་ཀྱི་སློབ་མ་ཞིག་རེད། ཀྲུང་གོར་སློབ་སྦྱོང་བྱེད་པར་མ་ཡོང་གོང་། ཁོ་མོས་ཤེས་པའི་མཁའ་འགྲུལ་སྐོར་གྱི་ཤེས་བྱ་དག་དཔེ་དེབ་ལས་བྱུང་བ་ཤ་སྟག་རེད། “ཐོག་མར་ཡོང་སྐབས། ངས‘མི་མེད་གནམ་གྲུ’ཞེས་པའི་མིང་ཚིག་རྒྱ་སྐད་ནས་ཡག་པོ་ཤོད་ཐུབ་ཀྱི་མེད”ཅེས་བཤད། ཁོང་གིས་སློབ་གླིང་གནས་སའི་ཡན་ལེང་མཁའ་འགྲུལ་གྲོང་དུ་གནམ་གྲུའི་ཇུས་འགོད་དང་། ཐོན་སྐྱེད། ཚོད་འཕུར། གསོ་སྦྱོང་། ཡུལ་སྐོར་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་ཡོད་ལ། ཁྲོམ་གཞུང་དང་སྲང་ལམ་གང་སར་མཁའ་འགྲུལ་གྱི་མཚོན་རྟགས་མཐོང་རྒྱུ་ཡོད་པ་མ་ཟད། སྔོན་ཐོན་གྱི་དངོས་སྦྱོང་བྱ་ཡུལ་དང་ཐོན་ལས་ཀྱི་རྣམ་པ་ཟབ་མོ་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། “ཡན་ལེང་ལ་སླེབས་པ་ནས་བཟུང་། ངས་གནམ་གྲུ་བཀོལ་སྤྱོད་བྱེད་སྟངས་ཡག་པོ་སྦྱོང་བའི་སེམས་ཐག་བཅད་པ་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།
ཚོད་འཕུར་ཐེངས་དང་པོ་བྱེད་སྐབས། ལི་ཕིང་གིས་རྒྱང་འཛིན་ཡོ་བྱད་བཟུང་ནས་ལག་པ་འདར་བཞིན་དུ་མནན་ཙམ་བྱས་པས་མི་མེད་གནམ་གྲུ་དེ་ལམ་ཐིག་ལས་འཛོལ་ཏེ་ཕར་ཡོམ་ཚུར་ཡོམ་ཐེངས་འགའ་བྱས་ནས་གློ་བུར་ཏུ་དངོས་སྦྱོང་ར་བའི་ལྕགས་དྲར་གདོང་ཁ་ཤོར།
ད་ཆ། ལི་ཕིང་དགའ་ཤོས་བྱེད་པ་ནི་མི་མེད་གནམ་གྲུས་མཁའ་དབྱིངས་ནས་པར་རྒྱག་པ་དེ་རེད། ལི་ཕིང་ལ་རྩལ་ནུས་འདི་འདྲ་ཤེས་པ་ནི་ཤིས་ཨན་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་ལོ་སིའི་པཱ་པཱ་སཱ་ལག་རྩལ་སློབ་གླིང་གིས་མཉམ་དུ་གཉེར་བའི“མི་མེད་གནམ་གྲུའི་བཀོལ་སྤྱོད་ལག་རྩལ་གྱི་ཀུན་ཕན་སློབ་གྲྭ”ནས་སྦྱངས་པ་རེད།
“ངས་སྦྱངས་པའི་མི་མེད་གནམ་གྲུའི་ལག་རྩལ་འདི་དག་ཕ་ཡུལ་གྱི་འཛུགས་སྐྲུན་ཐད་སྤྱོད་འདོད་ཡོད” ལོ་སིའི་རི་ཁུལ་རྒྱ་ཆེ་ལ་ཞིང་ནགས་ཐོན་ཁུངས་ཕུན་སུམ་ཚོགས་པས། མི་མེད་གནམ་གྲུས་སྔོ་ཁེབས་སྲུང་སྐྱོང་དང་། སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན། ཐོན་ཁུངས་སྐོར་ཞིབ་སོགས་བྱེད་པར་ནུས་པ་ཆེན་པོ་ཐོན་གྱི་འདུག་ཅེས་ལི་ཕིང་གིས་བཤད།
ལས་རིགས་སློབ་གསོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཉིས་ཀ་ཕན་ཚུན་དམ་དུ་སྦྲེལ་ཡོད་ཅིང་། ཕྱོགས་གཅིག་ནི་ཐོན་ལས་འཕེལ་རྒྱས་དང་ཕྱོགས་གཞན་ཞིག་ནི་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ལས་རིགས་སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་རྒྱུན་ཆད་མེད་པར་བཏང་སྟེ། རྒྱལ་ཁབ་མི་འདྲ་བའི་གཞོན་ནུས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་མི་ཚེའི་ཕུགས་འདུན་མངོན་འགྱུར་ཐུབ་པར་བྱས་ཡོད། འདི་ནི་གོ་ལ་ཧྲིལ་པོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་ཡིན་ལ། དམངས་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།