བོད་ཀྱི་ཚེས་གསུམ་ཐང་རིག་ལྡན་སྡེ་ཁུལ་གྱི་དཔེ་མཚོན་དེ་ཀྲུང་གོའི་མི་ཐབས་རིག་ནུས་དང་གྲོང་ཁྱེར་བཅོས་སྐྱོང་ཟུང་འབྲེལ་གྱི་ཕུལ་བྱུང་ལག་ལེན་གྱི་དཔེ་མཚོན་ནང་བདམས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། “བཅོས་སྒྲིག་ཞིབ་ཚགས་དང་བདེ་འཇགས་ཀྱི་སྙུགས་ཤེད”བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གླེང་སྟེགས་ཧྲང་ཧའེ་རུ་གཉེར་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེས་གསུམ་ཐང་སྡེ་ཁུལ། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་བཅས་ཀྱིས་མཉམ་དུ་རེ་ཞུ་བྱས་པའི《རིག་ནུས་ཀྱིས་ས་མཐོ་སྐྱོང་། AIཡིས་གངས་ལྗོངས་ཀྱི་གཞི་རིམ་སྡེ་ཁུལ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་བ་ལས་ཚེས་གསུམ་ཐང་གི་ལག་ལེན་སྐོར》ཞེས་པ་དེ་ཀྲུང་གོའི་མི་ཐབས་རིག་ནུས་དང་གྲོང་ཁྱེར་བཅོས་སྐྱོང་ཟུང་འབྲེལ་གྱི་ཕུལ་བྱུང་ལག་ལེན་གྱི་དཔེ་མཚོན་ནང་བདམས་པ་མ་ཟད། ད་ཐེངས་གླེང་སྟེགས་སུ་བདམས་ཐོན་བྱུང་བའི་ས་བབ་མཐོ་བའི་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གི་དཔེ་མཚོན་འབའ་ཞིག་དེ་ཡང་རེད།
ཚེས་གསུམ་ཐང་སྡེ་ཁུལ་ནི་བོད་ཀྱི་ཀྲའོ་ཁྲིའི་འོད་དྲའི་རིག་ལྡན་སྡེ་ཁུལ་ཐོག་མ་དེ་ཡིན་ཞིང་། རྣམ་གྲངས་དེས་ས་མཐོའི་མཐའ་མཚམས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཀྲའོ་ཁྲིའི་འོད་དྲ་གཞི་རྩར་བྱས་ཏེ་མི་ཐབས་རིག་ནུས་དང་། ཟོག་འབྲེལ་དྲ་རྒྱ། མི་མེད་གནམ་གྲུའི་སྐོར་ཞིབ་སོགས་ཀྱི་ལག་རྩལ་མཉམ་འདྲེས་བྱས་ནས། གཞི་གཅིག་ཅན་གྱི་རིག་ལྡན་བཅོས་སྐྱོང་ལས་སྟེགས་བསྐྲུན་པ་དང་། རིག་ནུས་བདེ་སྲུང་སྒྲིག་ཆས་ལ་བརྟེན་ནས་སྡེ་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཁར། རིག་ནུས་ཁམས་གསོ་དང་། དམངས་ཕན་ཞབས་ཞུ། བདེ་སྡུག་རེ་ཞུ་གདུབ་ཟུམ་ཐག་གཅོད་སོགས་ཀྱི་རྣམ་པ་ཆ་ཚང་བཀོད་སྒྲིག་བྱས་ནས་ས་མཐོའི་གཞི་རིམ་བཅོས་སྐྱོང་གི་ཞབས་ཞུའི་དཀའ་གནད་བསལ་ཏེ་གཞི་རིམ་བཅོས་སྐྱོང་གྲངས་རིག་ཅན་ལ་ཕྱོགས་སྒྱུར་ཐུབ་པར་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།