དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གསོ་བཅོལ་བྱ་ཡུལ་ལ་སེམས་དྲོད་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-22

    “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་སྨིན་གཅེས་སྐྱོང་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་པ་ལྷ་ས་གྲོང་ཁྱེར་དབང་སྐྱོན་གསོ་བཅོལ་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ“བསམ་འདུན་ཆུང་ངུ་བསྒྲུབས་ནས་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་བྱེད་པའི”བརྗོད་དོན་གཙོ་བོའི་འཚམས་འདྲིའི་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི“བསམ་འདུན་ཆུང་ངུའི”འཚམས་འདྲིའི་བྱེད་སྒོར་དོན་དག་ཆུང་ངུར་བརྟེན་ནས་གཅེས་སེམས་ཆེན་པོ་མཚོན་པར་བྱས་ཤིང་། དངོས་ཟོག་དང་གཅེས་སེམས་ལ་བརྟེན་ནས་གསོ་བཅོལ་བྱ་ཡུལ་གྱི་འཚོ་བའི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ། དམིགས་བསལ་ཚོགས་སྤྱིར་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཚོར་བ་བྱས་པ་མ་ཟད། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དབང་སྐྱོན་གསོ་བཅོལ་ཞབས་ཞུ་ལྟེ་གནས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་རྒྱུན་མཐུད་མཉམ་འགུལ་བྱས་ཏེ། གཅེས་སེམས་འཚམས་འདྲི་དང་། བསམ་འདུན་རོགས་སྐྱོར། བདེ་ཐང་གཅེས་སྐྱོང་། རིག་གནས་ལུས་རྩལ་སོགས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། བརྩེ་བ་ཟབ་མོས་དབང་པོ་སྐྱོན་ཅན་ལ་ཐ་སྐྱོང་གསོ་བཅོལ་ཞབས་འདེགས་ཞུས་ནས། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སེམས་དྲོད་ཞབས་ཞུའི་སྤུས་རྟགས་རྒྱུན་མཐུད་གཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།