དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྨད་རྫོང་གི་རྩྭ་ཐང་གི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ལས་དོན་ལ་གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-22

     ཉིན་ཤས་རིང་། ལྷོ་ཁ་གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གི་ཁོངས་མི་མཚོ་སྨད་རྫོང་དུ་2026ལོའི་ལོ་འཁོར་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་གནས་ཚུལ་ལ་ཞིབ་བཤེར་རྩིས་ལེན་བྱེད་པར་བསྐྱོད་པ་རེད།

    ཞིབ་བཤེར་རྩིས་ལེན་ལས་དོན་སྤེལ་སྐབས་དཔྱད་བསྡུར་གྱི་ཚད་གཞི་དང་ནན་པོ་བསྡུར་ནས་རྩིས་ཁྲ་ལྟ་བཤེར་དང་། ས་ཡུལ་དངོས་སུ་ཞིབ་བཤེར། དུད་ཚང་དུ་འདྲི་རྩད་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྔ་རྗེས་སུ་གྲི་གུ་གྲོང་རྡལ་དང་སྒོ་བསྡུས་ཤང་གི་སྲིད་འཛིན་གྲོང་ཚོ་གསུམ་དུ་བསྐྱོད་དེ་ཇུས་གཞི་བཟོ་བ་དང་། འགན་འཁྲི་དོན་འཁྱོལ། ཕྱུགས་རིགས་གྲངས་བཤེར། རྩྭ་ཐང་ལྟ་སྐུལ་པའི་འགན་སྒྲུབ། སྲིད་ཇུས་དྲིལ་བསྒྲགས། ཁ་གསབ་བྱ་དགའི་དངུལ་ཞིབ་རྩིས་གཏོང་སྤྲོད། ཡིག་ཚགས་ཡོངས་བསྒྲགས་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། ཕྱུགས་རིགས་བསྡོམས་རྩིས་དང་མ་དངུལ་རགས་རྩིས་སོགས་ཀྱི་རྨང་གཞིའི་གྲངས་གཞིར་བསྐྱར་བཤེར་བྱས་པ་རེད། ལས་དོན་ཚོགས་ཆུང་གིས་ཞིང་འབྲོག་དུད་ཚང་26ལ་སྐབས་བསྟུན་འདྲི་རྩད་བྱས་ནས་མང་ཚོགས་ཚོས་སྲིད་ཇུས་རྟོགས་ཚད་དང་། བདག་སྐྱོང་གི་ཕན་འབྲས། མ་དངུལ་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་དུས་མཚུངས། མཚོ་སྨད་གྲོང་རྡལ་དང་གནས་བཞི་ཤང་གི་འབྲེལ་ཡོད་ལས་དོན་གྱི་དཔྱད་གཞིའི་ཡིག་རིགས་ལ་ལྟ་བཤེར་བྱས་པས། ཞིབ་བཤེར་ས་ཁོངས་ཡོངས་ལ་ཁྱབ་ཡོད་པ་རེད།

    ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་མཚོ་སྨད་རྫོང་གི་རྩྭ་ཐང་བདག་སྐྱོང་དང་རྩྭ་ཐང་གི་བྱ་དགའི་སྲིད་ཇུས་དོན་འཁྱོལ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ནང་དོན་རེ་རེ་བཞིན་ལ་སྐར་མ་རྒྱག་པ་དང་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ་བརྒྱུད། མཚོ་སྨད་རྫོང་གི་2026ལོའི་ལོ་འཁོར་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལས་དོན་ལ་ཕུལ་བྱུང་གི་རིམ་པ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།