དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གོང་དཀར་གྱི་སྡོང་ཐུང་ཀུ་ཤུ་ཆུ་ཚོད་24ཡི་ནང་ཤང་ཀང་ཁྲོམ་རར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-22

    ཉེ་ཆར། ལྷོ་ཁ་གོང་དཀར་གྱི་སྤྱི་རྒྱ་134ཡོད་པའི“ཧྥུའུ་ཧྲིའི་རིམ་པ་དང་པོའི”སྡོང་ཐུང་ཀུ་ཤུ་སྒམ་21ལྷ་ས་ནས་ཨེ་ཀྲོའུ་བརྒྱུད་ཤང་ཀང་བར་གྱི་མཁའ་དབྱིངས་བརྒྱུད་འདྲེན་གྱི་བགྲོད་ལམ་ལ་བརྟེན་ནས་ཤང་ཀང་དུ་འབྱོར་བ་རེད། འདི་ནི་བོད་ཀྱི་ཞིང་ལས་ཐོན་རྫས་སོས་པ་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་བརྒྱུད་ཐད་ཀར་ཤང་ཀང་དུ་འབྱོར་ཐེངས་ཐོག་མ་ཡིན་པ་དེར་ལམ་ཐིག་ཧྲིལ་པོར་ཆུ་ཚོད་24ཙམ་ལས་འགོར་མེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཀུ་ཤུ་ཤང་ཀང་དུ་མཁོ་འདོན་བྱེད་པ་ནི་བོད་ལྗོངས་མཁའ་འགྲུལ་ཁུལ་གསར་དོ་དམ་ཨུ་ལྷན་དང་ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོའི་སྐུལ་འདེད་འོག་ཧྲུན་ཧྥུང་ཚོགས་པས་སྐྱེལ་འདྲེན་གྱི་ཐོན་ཁུངས་སྤྱི་འདོམས་དང་བོད་ལྗོངས་མཁའ་འགྲུལ་ཁུལ་གསར་མ་འཇོག་ཚད་ཡོད་ཀུང་སིས་སྦྲེལ་མཐུད་དོན་འཁྱོལ་བྱས་ནས་བརྒྱུད་རིམ་ཧྲིལ་པོར་གནད་སྨིན་མཁའ་དབྱིངས་བརྒྱུད་འདྲེན་གྱི་ཟོག་འགྲུལ་མ་ལག་ལ་བརྟེན་ཏེ་བདེ་བླག་ངང་དབོར་འདྲེན་བྱས་ཡོད།

    སྒོ་ཁྲལ་གནས་ཞུའི་ལྷུ་ཚིགས་སུ“ཁོངས་གཏོགས་ཀྱི་རེ་ཞུ་དང་ས་ཁོངས་ནས་བསྒྲལ་ཏེ་འགག་སྒོའི་ཞིབ་བཤེར་རྩིས་ལེན་གྱི་ཤར་བགྲོད”ལམ་སྲོལ་སྤྱད་ནས། “གནམ་ཐང་གི་བདེ་འཇགས་ལྟ་འདོམས་ཁུལ་ནས་ཐད་གཏོང”གི་བྱེད་སྟངས་སྤྱད་དེ་རྒྱལ་སྤྱིའི་ལས་སྒྲུབ་ས་ཁོངས་སུ་ཐད་ཀར་བསྒྱུར་བས། འདོན་འཇུག་བསྐྱར་མ་དང་། མཛོད་ཁང་དུ་འདོན་འཇུག བདེ་འཇགས་ཞིབ་བཤེར་གྱི་བརྒྱུད་རིམ་བཅས་བརྒྱུད་མི་དགོས་པས་བར་བརྒྱུད་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།