དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-22


    ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

     ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། ཀྲུང་ཨོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་རྒྱུན་མཐུད་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་དབར་ལོ་རྒྱུས་ཐོག་འཁོན་འཛིན་མེད་ལ་རྩ་བའི་ཁེ་ཕན་ཐད་འགལ་རྐྱེན་ཡང་མེད་པས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྲུབ་འབྲས་གཏོད་རོགས་བྱེད་པའི་མཉམ་ལས་རོགས་ཟླ་ཞིག་ཏུ་འགྱུར་འོས་པ་ཞིག་རེད། ཕྱོགས་གཉིས་པོས་སང་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་གོ་སྐབས་སུ་བྱས་ཏེ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགོ་འཛུགས་ས་གསར་པར་ཀྲུང་ཨོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ལེགས་པ་བསྐྲུན་དགོས།

    ཞི་ཅིན་ཕིང་གིས་ཀྲུང་ཨོའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བའི་ཐད་དགོངས་འཆར་ཁག་4བཏོན་གནང་བ་སྟེ། གཅིག་ནས་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱེད་པ། ཕ་རོལ་པོར་རྗེས་དཔག་དང་མཛའ་མཐུན་གྱི་རྣམ་འགྱུར་འཛིན་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། གཉིས་ནས་རང་ངོས་འཕེལ་རྒྱས་གཏོང་བའི་ཁྲོད་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཞིང་ལས་དང་། ནུས་རྒྱུ། གཏེར་ཁ་སོགས་སྲོལ་རྒྱུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་དཔལ་འབྱོར་དང་། ནུས་རྒྱུ་གསར་པ། གྲངས་འཛིན་ཐོན་ལས། མི་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་མཉམ་ལས་གསར་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ། གསུམ་ནས་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བའི་ཁྲོད་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོས་2017ལོ“ཀྲུང་ཨོའི་ཡུལ་སྐོར་ལོར”གཏན་འཁེལ་བྱ་རྒྱུའི་གྲོས་ཐག་བཅད་པས་རྒྱལ་ཁབ་གཉིས་པོའི་ས་གནས་དང་། དམངས་ཁྲོད། གཞོན་ནུ། སྨྱན་སྦྱོར། ཇུས་འདོན་ཚོགས་པ་སོགས་དབར་སྤེལ་རེས་དེ་བས་མང་བ་བྱ་རྒྱུར་ལྕག་སྐུལ་བྱས་ནས་ཀྲུང་ཨོའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་པ། བཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ཁར། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།

    ཨར་པ་ཉི་སི་ཡིས་གསུངས་དོན། ཨོ་ཀྲུང་འབྲེལ་བ་ལེགས་སུ་ཕྱིན་པ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་གཞོན་ནུ་སློབ་མར་འཕྲིན་ལན་སྤྲིངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཨོ་སི་ཁྲུ་ལི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུའི་ཁས་བླངས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་། མ་འཇོག མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། ཕན་ཚུན་བརྩི་འཇོག་བྱེད་པ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱས་ནས་ཨོ་ཀྲུང་འབྲེལ་བ་དེ་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དབར་གྱི་དགེ་མཚན་ལྡན་པའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། ཀྲུང་གོས་ཧྲེན་ཀྲེན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་གཉེར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། མིག་སྔའི་ཡོ་ལང་ཆེ་བའི་འཛམ་གླིང་དུ་ཀྲུང་གོ་ནི་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ཞལ་འཛོམས་བདེ་བླག་ངང་གཉེར་བར་རྟེན་འབྲེལ་ཞུ་རྒྱུ་དང་། ཞལ་འཛོམས་དེ་ནི་གལ་འགངས་ཤིན་ཏུ་ཆེ་ལ་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་ཞིག་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།