གཟན་རྩྭར་ལོ་ལེགས་བྱུང་། དགུན་སྒྲོལ་སེམས་ཁྲལ་མེད།

འདི་ནི་རྟ་རབ་གྲོང་ཚོའི་ཡུལ་མིས་དགུན་སྒྲོལ་གཟན་རྩྭ་བསྡུ་བཞིན་པ།
མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་རྟ་རབ་གྲོང་ཚོས་བཏབ་པའི་སྤུས་ལེགས་གཟན་རྩྭ་མུའུ་796ལ་ལོ་ལེགས་བྱུང་ཞིང་། ཉིན་ཤས་བསྟུད་མར། རྟ་རབ་གྲོང་ཚོས་སྟོན་བསྡུའི་ལས་ལ་དམ་འཛིན་བྱས་ནས་དགུན་སྒྲོལ་གྱི་གཟན་རྩྭ་བརྔ་བསྡུ་དང་གསོག་འཇོག་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད། ཉིན་དྲུག་བསྟུད་མར་ལས་ཀ་བྱས་པ་བརྒྱུད་བརྔ་བསྡུའི་ལས་འགན་ཚང་མ་བདེ་བླག་གྲུབ་ནས་རིམ་རྩིས་བརྒྱབ་ན་གཟན་རྩྭ་རྒྱ་མ་ཁྲི་28.7ལྷག་ཙམ་བསྡུས་ཡོད།
འབྲེལ་ཡོད་གསར་འགྱུར།