ཁྲུང་ཆིང་པེ་པེ་ཆུས་ཀྱིས་སྡེ་ཁུལ་ལ་སྒྱུར་བཀོད་བྱས་པས་སྐྱིད་སྣང་དོད་དུ་ཕྱིན་པ།

ཉེ་བའི་ལོ་ཤས་རིང་། པེ་པེ་ཆུས་ཀྱིས་སྡེ་ཁུལ་རྙིང་པ་དང་ཁྲོམ་གཞུང་སྒྱུར་བཀོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་རླངས་འཁོར་འཇོག་ས་དཀོན་པ་དང་། མེ་ཟོན་གྱི་མངོན་མེད་རྐྱེན་ངན་ལྡན་པ། ཁོར་ཡུག་བཙོག་ཟིང་ཞན་གསུམ་སོགས་དམངས་འཚོའི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་སྡེ་ཁུལ་རྙིང་པ་བདེ་འཇགས་ལྡན་པ་དང་། གཙང་སྦྲ་དོད་པ། གྲལ་འགྲིག་པ། གོ་རིམ་ལྡན་པ་བཅས་སུ་བསྒྱུར་བར་བྱས་ཏེ་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་སོང་ཡོད། ཉིན་ཤས་གོང་། ཁྲུང་ཆིང་གྲོང་ཁྱེར་པེ་པེ་ཆུས་ཐེན་ཧྲེང་ཁྲོམ་གཞུང་ཝུའུ་གཡོད་ཐང་ཆེན་གླིང་ཁུལ་གྱི་སྡེ་ཁུལ་རྙིང་པའི་ལེ་ལག་ཚང་བའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་རེད། རྣམ་གྲངས་དེས“སྒྱུར་བཀོད་ཕྲན་བུ”ཡི་བྱེད་ཐབས་སྤྱད་ནས་ཆུ་འབུད་མདོང་ལམ་དང་། སྡེ་ཁུལ་ནང་གི་འགྲོ་ལམ། རླངས་འཁོར་འཇོག་ས་བཅས་ལ་གསར་དུ་སྒྱུར་བཀོད་བྱས་པ་དང་། རིག་གནས་ལུས་རྩལ་དང་རྒན་རྒོན་དང་བྱིས་པའི་བྱེད་སྒོ་སྤེལ་ཡུལ་བཏོད་པ་མ་ཟད། སྔོ་འགྱུར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་སུ་བཏང་བས་སྡེ་ཁུལ་གྱི་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།