དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • APEC“ཀྲུང་གོའི་ལོའི”ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པའི་རྒྱང་ལམ་གསར་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-20

    འདི་ནི་ཧྲེན་ཀྲེན་ཆན་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ཀྱི་ཕྱིའི་རྣམ་པ་ཡིན་པ།

    འདི་ནི་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་ཚོགས་ཞུགས་སྐུ་མགྲོན་ཚོས་ཚོགས་རའི་ཕྱི་རོལ་དུ་སྤེལ་རེས་བྱེད་བཞིན་པ།

    འདི་ནི་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་སུ་གསར་འགོད་པས་འཕྲུལ་མིས་འཁྱགས་པ་བྱི་རིལ་བཟོ་བར་པར་རྒྱག་བཞིན་པ།

    འདི་ནི་གསར་འགོད་པས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བཅར་འདྲི་བྱེད་བཞིན་པ།

    འདི་ནི་གསར་འགོད་པས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་སུ་སྤེལ་རེས་བྱེད་བཞིན་པ།

    ཟླ་11པར་ཧྲེན་ཀྲེན་དུ་གནམ་གཤིས་ཡག་ལ་སྐུ་མགྲོན་མང་པོ་འཛོམས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོགས་པ་དང་བསྟུན་ནས་APEC“ཀྲུང་གོའི་ལོའི”རིམ་སྤེལ་བྱེད་སྒོ་འཁྲུག་ཆ་དོད་ཤོས་སུ་སླེབས་ཡོད།

    2025ལོའི་ཟླ་11པར་APECམགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་ཚུན། ཀྲུང་གོ་ཕྱོགས་ཀྱིས་APECཡི་དཔལ་འབྱོར་སྡེ་གཞི་ཁག་དང་མཉམ་དུ“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོ་དང“སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་སྔོན་འཇོག་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ནས་APECཡི“ཀྲུང་གོའི་ལོར”གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཕར་བའི་སྒུལ་ནུས་འདོན་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དང་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།