ཡུན་ནན་པོ་ཏ་མཚོའི་སྐྱེ་ཁམས་མཛེས་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ནི་ཟླ་11ཚེས་17ཉིན་པར་བརྒྱབ་པའི་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག་ཡིན་པ(མི་མེད་གནམ་གྲུས་བརྒྱབ་པའི་པར)

འདི་ནི་ཟླ་11ཚེས་17ཉིན་ཡུལ་སྐོར་བས་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དུ་དྲན་རྟེན་པར་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དེ་ཉིད་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྣེ་འདྲེན་ངོས་ནས་ཀྲོའུ་དེའི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་འཕར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་རང་ས་རང་ཡུལ་དུ་ལས་གཏོད་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད། 2025ལོར་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་ལ་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2.78བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།