དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ལུས་རྩལ་རྣམ་གྲངས་ལ“འགྲེམས་ཚོགས་གཉིས”སུ་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཇུག་འགྲིལ་མ་ཐག་པའི་2026ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་འགྲེམས་ཚོགས་དང་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་འགྲེམས་ཚོགས(གཤམ་དུ“འགྲེམས་ཚོགས་གཉིས”ཞེས་བསྡུ་རྒྱུ)སུ་མཚོ་སྔོན་ལ་གཟི་བརྗིད་མཚན་སྙན་གཉིས་ཐོབ་པ་སྟེ། སྐུ་འབུམ་གྱི་ཁུ་ནུའི་དྲག་རྩལ་འགྲན་བསྡུར་ཆེ་མོ་2026ལོའི་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་རྩེར་སོན་འགྲན་བསྡུར་ལ་བདམས་པ་དང་དགོན་ལུང་ཐུའུ་རིགས་ཀྱི་འཁོར་ཐོག་རྩལ་རྩེད་2026ལོའི་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཀྱི་མི་རིགས་ཀྱི་ཕུལ་བྱུང་རྣམ་གྲངས་ལ་བདམས་པ་རེད།

    སྐབས་འདིའི“འགྲེམས་ཚོགས་གཉིས”སུའུ་ཀྲོའུ་རུ་གཉེར་ཞིང་། འགྲེམས་སྟོན་གྱི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་5ཙམ་ཟིན་པ་དང་ས་ཁོངས་ཕྱི་ནང་གི་ཚན་པ་600ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ལོ་བཞི་བསྟུད་མར་འགྲེམས་སྟོན་ལ་ཞུགས་ཡོད་པ་དང་། མཚོ་སྔོན་གྱི་འགྲེམས་ཁང་གིས“གཙང་གསུམ་ཆུ་འགོ ཕྱི་རོལ་གྱི་གནས་མཆོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལུས་རྩལ་ཡུལ་སྐོར་གྱི་འགྲེམས་ཁུལ་དང་། ལུས་རྩལ་རིག་གནས་ཀྱི་འགྲེམས་ཁུལ། དྲིལ་བསྒྲགས་འོས་སྦྱོར་གྱི་མཉམ་འགུལ་ཁུལ་བཅས་ཁུལ་ཆེན་པོ་གསུམ་བཙུགས་ཡོད། འགྲེམས་ཁང་དུ་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་ལྔ་པའི་པར་རིས་མཐོང་ཆོས་གཙོ་བོར་བྱས་ནས་གངས་དཀར་འཁྱགས་རོམ་འདྲ་བཟོའི་མཛེས་ལྗོངས་ཀྱི་བཀོད་པ་བཟོས་ཏེ་ས་མཐོའི་སྤུས་རྟགས་འགྲན་བསྡུར་དང་། རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས། ལྷན་སྦྱར་གྱི་ཁྱད་ལྡན་རིག་གནས་བསམ་བཀོད། ཐཱན་ཚི་སྣའི་ཐོན་རྫས་འགྲེམས་སྟོན། VRརྐང་འཁོར་བཞོན་ནས་མཉམ་འགུལ་མྱོང་རོལ་བཅས་གཅིག་སྡུད་འགྲེམས་སྟོན་གྱིས་ས་མཐོའི་ལུས་རྩལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།