དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-20

    ཟླ་11ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་སྒྲོན་བཞིན་པ།

    འདི་ནི་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ།

    ཟླ་11ཚེས་18ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་གསོལ་སྟོན་བཤམས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།

    ཤང་སྨི་མཚེའུ་ཡི་ངོགས་སུ་གློག་སྒྲོན་འོད་མདངས་བཀྲ་ཞིང་། རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་དཔལ་འབྱོར་སྡེ་གཞི་ཁག་གི་རོལ་དབྱངས་དཀྲོལ་བ་རེད།

    ཁོངས་མིའི་དཔལ་འབྱོར་སྡེ་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མི་དང་ཁོང་རྣམ་པའི་སྐུ་ཟླ། ཚོགས་འདུར་ཕེབས་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་གཅིག་རྗེས་གཉིས་མཐུད་ངང་ཕེབས་འབྱོར་ཟིན་ཏེ་ས་གདན་དམར་པོའི་ཐོག་ནས་ཕེབས་པ་རེད།

    ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྤྲོ་སེམས་འཁོལ་བའི་ངང་སྐུ་མགྲོན་ཚོར་ཕེབས་བསུ་ཞུས་པ་དང་། ཁོང་ཚོ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ། ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    སྐུ་མགྲོན་ལ་བསུ་བ་ཞུ་བའི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྐུ་མགྲོན་ཚོ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་རེད།

    ཞི་ཅིན་ཕིང་གིས་ཤིས་ཚིག་བསྒྲོན་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ། སྐུ་མགྲོན་རྣམ་པ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་སྟོང་གི་ཀྲུང་གོ་ཤེས་རྟོགས་བྱེད་དགོས་ན་ཤིས་ཨན་དུ་སྐྱོད་དགོས་པ་དང་། ལོ་ངོ་ལྔ་བརྒྱ་ཡི་ཀྲུང་གོ་ཤེས་རྟོགས་བྱེད་དགོས་ན་པེ་ཅིང་དུ་སྐྱོད་དགོས་པ། ལོ་ངོ་བརྒྱ་ཡི་ཀྲུང་གོ་ཤེས་རྟོགས་བྱེད་དགོས་ན་ཧྲང་ཧའེ་རུ་སྐྱོད་དགོས་པ། ལོ་ངོ་ལྔ་བཅུའི་ཀྲུང་གོ་ཤེས་རྟོགས་བྱེད་དགོས་ན་ཧྲེན་ཀྲེན་དུ་སྐྱོད་དགོས། སྒོ་དབྱེ་ནི་ཧྲེན་ཀྲེན་གྱི་ལྷན་སྐྱེས་ཀྱི་གཞི་རྒྱུ་ཡིན་པ་དང་། གསར་གཏོད་ནི་ཧྲེན་ཀྲེན་གྱི་གསོན་ཤུགས་གནས་ས་ཡིན་པ། མཉམ་ལས་ནི་ཧྲེན་ཀྲེན་གྱི་སྟོབས་ཤུགས་འབྱུང་ཁུངས་བཅས་ཡིན། ཧྲེན་ཀྲེན་གྱི་གཏམ་རྒྱུད་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་བསྡུས་རིས་ཤིག་ཡིན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་གྲུབ་འབྲས་ཐོབ་པའི་དཔེ་སྟོན་ཞིག་ཀྱང་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ཚུན། སྒོ་དབྱེ་དང་། གསར་གཏོད། མཉམ་ལས་བཅས་ནི་ཐོག་མཐའ་བར་གསུམ་དུ་དེའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། ཤིས་ཡ་ཐུའུ་ཡི་ཚོགས་འདུ་ཐེངས་དང་པོ་ནས་ཡན་ཤིས་མཚེའུ་ཡི་ལོ་རྒྱུས་ཀྱི་ཚོགས་འདུ་གཟབ་རྒྱས་བར་དང་། མའོ་ཝུའུ་དམིགས་ཚད་ཀྱི་བརྗིད་ཉམས་ལྡན་པའི་ཁས་ལེན་དམ་བཅའ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི་བརྗིད་ཆེའི་རེ་འདོད་བར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་འཕེལ་ཚུལ་ལ་སྟངས་འཛིན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་འདི་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་དང་འཕར་སྣོན་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བར་རམ་འདེགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཁུར་ཚུན། གྲོང་ཁྱེར་ཁག་16ཏུ་ཚོགས་འདུ་དང་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་ནས“ཀྲུང་གོའི་ལོར”གྲུབ་འབྲས་གལ་ཆེན་དེ་བས་མང་བ་ཐོབ་པར་ལེགས་སྐྱེས་ཕུལ་ཡོད། སང་ཉིན་གྱི་འགོ་ཁྲིད་པའི་ཚོགས་འདུའི་ཐོག་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཇུས་ཆེན་ལ་མཉམ་གྲོས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ཀྱི་བྱ་གཞག་ཆེན་པོར་མཉམ་དུ་གཞོལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    གསོལ་སྟོན་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ་རིག་རྩལ་འཁྲབ་སྟོན་ལ་གཟིགས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཤེས་དཔལ་གྱི་གཟི་འོད་མཉམ་འཚེར་དང་མཛེས་པ་མ་ལུས་གཅིག་ཏུ་འདུས་པའི་རྣམ་པར་མྱོང་རོལ་གནང་བ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི་གཉིས་ཁེ་གཉིས་ཕན་དང་ལག་སྦྲེལ་སེམས་མཐུན་གྱི་ཞི་མཐུན་མཉམ་གནས་ལའང་མྱོང་རོལ་གནང་བ་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་། ཧོང་ཁུན་མིང་། ཝང་ཞའོ་ཧུང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།