དབུ་ཤོག
  • གཟུགས་པོ་ཐང་པོ་ཡོད་མེད་འདི་ནས་ཤེས་ཐུབ། ཚོད་ལྟ་ཞིག་གནང་དང་།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-11-19

    ནམ་རྒྱུན་འཚོ་བའི་ནང་མི་ཁག་ཅིག་འགུལ་སྐྱོད་ཅུང་ཟད་བྱས་མ་ཐག་ལམ་སེང་དབུགས་ཧལ་ནས་དཀའ་ལས་ཁག་སླ་བ་དང་། ད་དུང་རྐེད་པ་དང་། སྟོད་སྒལ། རྐང་པ་ན་བ་སོགས་གང་ལྟར་ལུས་པོ་མི་བདེ་བའི་སྣང་ཚུལ་སྣ་ཚོགས་བྱུང་བའི་དབང་གིས་དུས་རྟག་ཏུ་རང་ཉིད་ཀྱི་གཟུགས་པོ་བདེ་ཐང་མིན་པའི་ཚོར་སྣང་ཞིག་འབྱིན་གྱི་ཡོད། གལ་སྲིད་ཁྱེད་ཀྱིས་གཤམ་གྱི་ལུས་རྩལ་འདི་གསུམ་རྩེད་ཐུབ་ན་ཁྱེད་ཀྱི་གཟུགས་པོ་ཡག་པོ་ཡོད་པའི་རྟགས་ཡིན་པས་ཚོད་ལྟ་ཞིག་གནང་བར་ཕེབས་དང་།

    1. ཡུན་རིང་མིག་བཙུམས་ཏེ་རྐང་པ་ཡ་གཅིག་བཀྱགས་ནས་ལངས་པ།

    མིག་བཙུམས་ཏེ་རྐང་པ་ཡ་གཅིག་བཀྱག་ནས་དུས་ཚོད་ག་ཚོད་ཙམ་ལངས་ཐུབ་མིན་ལ་རྩིས་རྒྱག་དགོས་ཤིང་། མིག་གདངས་མ་ཐག་དུས་ཚོད་བརྩི་མཚམས་འཇོག་དགོས། གལ་སྲིད་དེ་ལྟར་དུས་ཚོད་སྐར་མ་གཅིག་ལྷག་ཙམ་ལངས་ཐུབ་ན་ཁྱེད་རང་གི་གཟུགས་པོའི་བྱང་ཚད་ཡག་པོ་ཡོད་པའི་རྟགས་རེད། ལུས་རྩལ་དེ་རྩེད་དུས་མིག་བཙུམས་དགོས་དོན་ནི་དཔེར་ན་ཀླད་པ་དང་། རྣ་དབང་། རུས་ཚིགས་དང་ཤ་གནད་སོགས་ལུས་པོའི་ཆ་ལག་གཞན་གྱིས་གཟུགས་པོ་དོ་སྙོམས་ཡོང་ཆེད་ནུས་པ་དེ་བས་ཆེ་བ་ཐོན་ཐུབ་པའི་ཆེད་དུ་རེད།

    2. ངལ་གསོ་མ་བརྒྱབ་པར་ཐེམ་སྐས་སྐར་མ་15འཛེགས་པ།

    ངལ་གསོ་གཅིག་ཀྱང་མ་བརྒྱབ་པར་ཐེམ་སྐས་སྐར་མ་15འཛེགས་ཐུབ་ན་ཁྱེད་རང་གི་གཟུགས་པོའི་བྱང་ཚད་ཡག་པོ་ཡོད་པའི་རྟགས་རེད། གཞན་ཡང་ཐེམ་སྐས་འཛེགས་པ་དེས་སྙིང་ཁམས་ཁྲག་རྩའི་ཁྲག་མཁོ་འདོན་ནུས་པ་དང་། གཟུགས་པོའི་སྨད་ཀྱི་ཤུགས། པུས་མོའི་ཐེག་ནུས་བཅས་ཀྱི་གནས་ཚུལ་ཞར་ནས་རྟོགས་ཐུབ།

    3.སྐར་མ་གཅིག་གི་ནང་ལུས་པོ་དགྱེ་གུག་ཐེངས་12བྱེད་པ།

    ལག་པ་འཇུ་ས་མེད་པའི་རྐུབ་སྟེགས་ཧ་ལམ་མཐོ་ཚད་ལི་སྨི་46ནས་48ཡོད་པ་ཞིག་གི་སྟེང་ལ་བསྡད་དེ་ལག་པ་གཉིས་དཔུང་པ་གཡས་གཡོན་དུ་བསྣོལ་མར་སྦྱར་བ་དང་། རྐང་པ་གཉིས་ས་ངོས་སུ་སྙོམས་པར་བཞག་རྗེས།རྐུབ་སྟེགས་ཐོག་ཀྲོང་ངེར་ལངས་དགོས་པ་དང་དེ་ནས་ཐད་ཀར་མར་སྡོད་དགོས། དེ་ལྟར་རྒྱུན་མཐུད་ནས་དུས་ཚོད་སྐར་མ་གཅིག་གི་ནང་ཚུན་དུ་ཐེངས་12ལས་བརྒལ་ཐུབ་ན་ཁྱེད་རང་གི་གློ་སྙིང་ཡག་པོ་ཡོད་པའི་རྟགས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།