དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་མཚོ་སྔོན་གྱི་དངུལ་རྩའི་བསྡོམས་འབོར་བརྟན་པོ་འཕར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་11ཚེས་11ཉིན། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་2026ལོའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། 2026ལོ་ནས་བཟུང་། དངུལ་ཁང་དེས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དངོས་གཞིའི་དཔལ་འབྱོར་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་མ་དངུལ་དེ་བས་མང་བ་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་བར་དངུལ་རྩའི་འདེགས་སྐྱོར་ཡག་པོ་བྱས་པ་རེད།
སྤྱི་ཡོངས་ནས་བལྟས་ན། དངུལ་རྩའི་བསྡོམས་འབོར་བརྟན་པོ་འཕར་ཡོད་ཅིང་། ཟླ་དགུ་པའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་8241.4ཟིན་པ་དེ་དུས་མཚུངས་ལས་1.9%འཕར་བ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་82.6འཕར་ཡོད་ཅིང་། དེའི་ནང་ཁེ་ལས་དང་བྱ་གཞག་ཚན་པར་དུས་ཐུང་དངུལ་བུན་གཏོང་ཚད་འཕར་མགྱོགས་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་79.8འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་44.8འཕར་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་འཁོར་རྒྱུག་གི་རྒྱུན་འཁོར་མ་དངུལ་གྱི་དགོས་མཁོ་ཅུང་ལེགས་པོ་བསྐངས་ཡོད། ཟླ་དགུ་པའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་8840.0ཟིན་པ་དེ་དུས་མཚུངས་ལས་2.8%འཕར་བ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་184.4འཕར་ཡོད་པ་རེད།
གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ཐད་དངུལ་རྩས་རྒྱབ་སྐྱོར་བརྟན་པོ་བྱས་ཤིང་། དེའི་ནང་ཞིང་འབྲེལ་དངུལ་བུན་བརྟན་པོ་འཕར་ཡོད། ཟླ་དགུ་པའི་ཟླ་མཇུག་ཏུ། ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་1582.1ཟིན་པ་དེ་དུས་མཚུངས་ལས་3.2%འཕར་བ་དང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་52.1འཕར་བ་དེས་གསར་འཕར་དངུལ་བུན་གྱི་དངུལ་གྲངས་ཧྲིལ་པོའི་63.1%བཟུང་ཡོད། ཞིང་དུད་ཀྱི་དངུལ་བུན་དུས་མཚུངས་ལས་5.4%འཕར་བ་དང་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྒོར་དུང་ཕྱུར་43.5འཕར་ཡོད། ཞིང་དུད་ཀྱི་ཡིད་རྟོན་དངུལ་བུན་དུས་མཚུངས་ལས་6.1%འཕར་བ་དང་། ལྷག་གྲངས་ཀྱིས་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་ཀྱི་75.7%བཟུང་བ། ཞིང་དུད་ཀྱིས་དངུལ་བུན་གཡར་བའི་སྟབས་བདེའི་རང་བཞིན་ཆེ་རུ་རྒྱུན་མཐུད་ཕྱིན་པ། དངུལ་རྩས་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།