ཡུན་ནན་སྟག་མཆོངས་འགག་ཏུ་དགུན་དུས་ཡུལ་སྐོར་བྱེད་མཁན་མང་བ།

འདི་ནི་ཟླ་11ཚེས་17ཉིན་ཡུལ་སྐོར་བས་སྟག་མཆོངས་འགག་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།

འདི་ནི་ཟླ་11ཚེས་17ཉིན་ཡུལ་སྐོར་བས་སྟག་མཆོངས་འགག་མཛེས་ལྗོངས་ཁུལ་གྱི་གནས་རྟགས་ཡོད་སར་པར་རྒྱག་བཞིན་པ།
སྟག་མཆོངས་འགག་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དང་ས་དམ་གྲོང་ཁྱེར་གྱི་འབྲེལ་མཚམས་སུ་གནས་ཤིང་། བརྗིད་ཉམས་ཆེ་ཞིང་ངོ་མཚར་ལྡན་པ་དང་། ཉེན་ཁ་ཆེ་ཞིང་གཡང་གཟར་བའི་ཡུལ་ལྗོངས་དེ་གང་སར་སྐད་གྲགས་ཆོད་ཡོད། དགུན་ཁ་ཤར་ཚུན། གནམ་གཤིས་གྲང་ངར་ཆེ་ཡང་སྟག་མཆོངས་འགག་གི་གཡང་གཟར་ས་དབྱིབས་དང་བརྗིད་ཆེའི་ཡུལ་ལྗོངས་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
འབྲེལ་ཡོད་གསར་འགྱུར།