དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་སྐབས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-19

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཅང་སུའུ་ཞིང་ཨུད་ཀྱིས་མཉམ་དུ་གཉེར་བའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་སྐབས་ལྔ་པ་སུའུ་ཀྲོའུ་རུ་འཚོགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སྟེ། སྲིད་ཏང་གི་འགན་འཁྲི་དང་ལས་འགན”ཞེས་པ་དེ་རེད། ཨ་རབ་རྒྱལ་ཁབ་22ཀྱི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་། སྲིད་གཞུང་གི་དཔོན་རིགས། གྲོས་ཚོགས་ཀྱི་གྲོས་མི། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ། བཟོ་ཚོང་ལས་རིགས་ཀྱི་མི་སྣ། རིག་མཛོད་སྨྱན་སྦྱོར་གྱི་འཐུས་མི་སོགས་མི་100ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་གིས། ད་ལོ་ནི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ཨ་རབ་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུའི་ལམ་སྲོལ་བཙུགས་ནས་ལོ་ངོ་10འཁོར་བའི་ལོ་ཞིག་ཀྱང་རེད། ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་འགྲོ་བ་དང་འཛམ་གླིང་དབུས་ཤར་གྱི་གནས་སྟངས་ལེགས་སྒྲིག་ཟབ་ཏུ་འགྲོ་བའི་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་དང་མཉམ་དུ་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས་དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།