ཚན་རིག་ཡུལ་སྐོར་བྱེད། སྟོན་གསེང་སྐྱིད་ལ་རོལ།

འདི་ནི་ཟླ་11ཚེས་16ཉིན་སློབ་མ་དང་ཁྱིམ་བདག་ཚོས་ཧོ་ཧྥེ་གྲོང་ཁྱེར་གྱི་ཚན་རྩལ་ཁང་དུ་ཚན་རིག་སྒྲིག་ཆས་ཆེ་མོའི་དཔེ་དབྱིབས་ལ་ལྟ་སྐོར་བྱེད་བཞིན་པ།
ཟླ་11ཚེས་16ནས་18ཉིན་བར། ཧོ་ཧྥེའི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སྟོན་ཁའི་གུང་གསེང་བཞག་ཡོད་པ་རེད། ཁྱིམ་བདག་མི་ཉུང་བ་ཞིག་གིས་ཕྲུ་གུ་ཁྲིད་ནས་ཚན་རྩལ་ཁང་དུ་བསྐྱོད་དེ་ཚན་རིག་སྒྲིག་ཆས་ཆེ་མོའི་དཔེ་དབྱིབས་ལ་ལྟ་སྐོར་དང་། སྤྲོ་སྣང་ལྡན་པའི་ཚན་རིག་སློབ་ཚན་ཉན་པ། ཞིབ་སྦྱོང་ལམ་ཐིག་རྩེ་གྲ་ཉམས་ལེན་བཅས་བྱས་ཏེ་རང་ཉིད་ངོ་མས་ཚོད་ལྟ་དང་ལྟ་སྦྱོང་འཚོལ་ཞིབ་ཁྲོད་ནས་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།