དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟབ་སྦྱོང་མཐིལ་རྟོགས་བླ་མེད་ལྷག་བསམ་བཏོད། དངོས་སྒྲུབ་དོན་གཉེར་འགན་འཁྲི་ཕྲག་ཏུ་ཁུར།

    —— རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-19

    ཉིན་ཤས་བསྟུད་མར། ལས་ཁུངས་ནས་ཁེ་ལས་བར་དང་། ཚོགས་ཁང་ནས་ཨར་སྐྲུན་ལས་ཡུལ་བར་བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐོག་གཅིག་ཏུ་བསྒྲིལ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིག་མཐོང་ལག་ཟིན་ཐུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་འགྱུར་བར་ཁྲིད་སྟོན་བྱས་ཡོད།

    བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་གོང་དཔེ་འོག་སྟོན་དང་དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ཡོད། ཐིང་ཏང་ཙུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སློབ་སྦྱོང་དཔྱད་གཞི་འཕྲལ་མར་ཕྱོགས་སྒྲིག་བྱས་པ་དང་ཐིང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་ཟུར་ཁྲིད་རྩོམ་ཡིག་ཞིབ་འཇུག་སློབ་སྦྱོང་བྱས་ནས། ཟབ་སྦྱོང་མཐིལ་རྟོགས་ཐད་སྔོན་ལ་བསྐྱོད་པ་དང་མིག་དཔེ་སྟོན་གང་ཐུབ་བྱས་པ་རེད། ཏང་ཀྲི་པུའུ་ཁག་གིས་དུས་མཉམ་དུ་རྗེས་སྙེག་བྱེད་པ་དང་། གཅིག་སྡུད་བགྲོ་གླེང་དང་ཆེད་དོན་ཏང་གི་སློབ་ཚན་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་བླངས་པས་ཏང་ཡོན་གྱི་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་ཡོད།

    ཉེ་ཆར། མངའ་རིས་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་ནས་དམངས་གཉེར་དཔལ་འབྱོར་མི་སྣས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་ཡང་དག་ལེན་པར་ཁྲིད་སྟོན་བྱས་པ་རེད། མངའ་རིས་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་ཀྲའོ་ཝུའེ་ཏུང་གིས། “ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བར་ཁྲིད་སྟོན་གྱིས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་དོན་འཁྱོལ་གྱིས་གྲུབ་འབྲས་དངོས་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།

    སློབ་སྦྱོང་གི་ཚ་རླབས་ཨར་སྐྲུན་ལས་ཡུལ་དུ་འཕྱུར་ཞིང་། ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་གྲོང་ཁྱེར་སྦྲེལ་མཐུད་ཀུང་སིས་སྐྲུན་འགན་འཁུར་བའི་བོད་ལྗོངས་ལྷོ་ཁ་ཟ་རྭ་ལམ་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་པུས་དོ་དམ་མི་སྣ་དང་ཏང་ཡོན་རྐང་འཛིན་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་གཅིག་སྡུད་སློབ་སྦྱོང་བྱས་པ་དང་འབྲེལ། ས་མཐོའི་ཟམ་ཆེན་འཛུགས་སྐྲུན་གྱི་འཐབ་ས་དང་པོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད། འཛུགས་སྐྲུན་ནང་ཞུགས་མཁན་ལས་མི་ཚོས“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་ངལ་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཟ་རྭ་ལམ་གྱི་གཙང་སྒྲོལ་ཟམ་ཆེན་དུས་བཀག་ལྟར་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།