དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ལས་བྱེད་པའི་ཀློག་དེབ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་སྒྲིག་འཛུགས་དང་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ལས་བྱེད་པའི་ཀློག་དེབ》(གཤམ་དུ《ཀློག་དེབ》ཅེས་བསྡུ་རྒྱུ)མི་དམངས་དཔེ་སྐྲུན་ཁང་དང་བཅའ་ཁྲིམས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    《ཀློག་དེབ》ནི་གླེང་གཞི་དང་གཞུང་དངོས་ལེའུ་12ལས་གྲུབ་ཅིང་། དེའི་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི“མཐའ་འཁྱོངས་བཅུ་གཉིས”ཀྱི་ལྟེ་བའི་སྙིང་དོན་སྒྲོམ་གཞི་དང་གཙོ་རྐང་དུ་བྱས་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། དུས་བདེའི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རིང་ཏང་ཡོན་ལས་བྱེད་པས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་ཏེ། དུས་རབས་གསར་པའི་ཁྲིམས་བཟོ་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་སྲུང་། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གལ་ཆེན་དང་གྲུབ་འབྲས་གལ་ཆེན་ལ་ཕྱོགས་སྡོམ་གནང་བ་དེས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་། ལྟེ་བའི་བརྗོད་སྙིང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་སོགས་ལ་རྒྱས་བཤད་བྱས་ཡོད།

    《ཀློག་དེབ》པར་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ནས། དགོངས་པ་གལ་ཆེན་ཏན་ཏིག་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཧུར་ཐག་བསྐྲུན་པ་དང་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།