ནན་ཅིང་དུ་བོད་ཀྱི་ཐོན་རྫས་ལེགས་གྲས་འགྲེམས་སྟོན་བྱས་པ།

འདི་ནི་ནན་ཅིང་གི་གྲོང་མིས་མལ་གྲོ་གུང་དཀར་རྫོང་གི་ཁྱད་ལྡན་ཐོན་རྫས་ལ་ལྟ་བཞིན་པ།
ཉེ་ཆར། “སྐལ་བཟང་མེ་ཏོག་རྣམ་པར་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་བདུན་པའི་རིམ་སྤེལ་བྱེད་སྒོ་ནན་ཅིང་ལའོ་མོན་ཏུང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་དང་། ཁྱད་ལྡན་ཐོན་རྫས། བོད་ལུགས་གསོ་རིག་གི་ལུས་གསོ། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་བཅས་མང་པོ་ཞིག་འབྲི་ཆུའི་ལྷོ་རྒྱུད་ཀྱི་གནའ་བོའི་ཁྲོམ་གཞུང་དེར་གཅིག་སྡུད་ཐོག་བཏོན་ནས་ནན་ཅིང་གི་གྲོང་མི་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་ས་མཐོའི་རིག་གནས་ཇི་མ་ཇི་བཞིན་མྱོང་རོལ་ཐུབ་པར་བྱས་ཏེ། ནན་ཅིང་དང་མལ་གྲོའི་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བརྩེ་སེམས་ཟབ་མོ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།