དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ནང་མགྱོགས་མྱུར་མཉམ་འདྲེས་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-18

    ཟླ་11ཚེས་15ཉིན་ཟི་ལིང་འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་23.8ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས(གཤམ་དུ་གཅིག་མཚུངས)9.9%འཕར་ཡོད་ཅིང་། དེའི་ནང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་20.1ཟིན་ནས་10.9%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.7ཟིན་ནས་4.8%འཕར་ཡོད། APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱིས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་42.5%བཟུང་བ་དང་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་ནི་མཚོ་སྔོན་གྱི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད།

    2026ལོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི“ཀྲུང་གོའི་ལོ”ཡིན་པ་དང་། APECཡི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཧྲེན་ཀྲེན་དུ་འཚོགས་བཞིན་ཡོད། ནུས་རྒྱུ་གཙང་མ་དང་། ཚྭ་མཚོའི་ཐོན་ཁུངས། ས་མཐོའི་གྲང་རིགས་ཐོན་ལས་བཅས་ཀྱི་ལེགས་ཆར་བརྟེན་ནས། མཚོ་སྔོན་ཞིང་ཆེན་དང་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་གི་ལྗང་མདོག་ཐོན་རྫས་དང་མཁོ་སྤྲོད་འཁོར་འབྲེལ་མཐུན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་རྒྱུན་མཐུད་རྒྱ་ཆེར་བཏང་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཙོ་གནད་ཁྲོམ་ར་མང་པོར་དར་རྒྱས་བྱུང་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་དང་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་གི་ཚོང་དོན་རྒྱུན་མཐུད་འཕར་བའི་ནང་། ཝེ་ཐེ་ནམ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་6ཟིན་ནས་34.7%འཕར་བ་དང་། ཨུ་རུ་སུར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4.4ཟིན་ནས་5.6%འཕར་བ། ཧན་གོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.8ཟིན་ནས་58.5%འཕར་བ། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དགོས་མཁོ་དང་སྦྲེལ་མཐུད་མགྱོགས་མྱུར་བྱུང་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། མཚོ་སྔོན་ཞིང་ཆེན་གྱིས་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་ལ་སྒོར་དུང་ཕྱུར་6.2ཟིན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱས་པ་དེ་6.4%འཕར་ཡོད། ཆུ་གྲང་ཉ་རིགས་དང་གྲང་རིགས་སྔོ་ཚལ་སོགས་ལེགས་ལྡན་ཐོན་རྫས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཁྲོམ་རར་རྒྱ་སྐྱེད་བརྟན་པོ་བཏང་ཡོད། དེ་དང་ཆབས་ཅིག་ཚྭ་མཚེའུ་ཡི་རྫས་འགྱུར་བཟོ་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5ཟིན་ནས་2.2%འཕར་བ་དང་། ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.1ཟིན་ནས་ལྡབ་1.1འཕར་ཡོད།

    ཁེ་ལས་ཀྱི་དངོས་ཟོག་གཏོང་འདྲེན་ལས་ཆོད་ཀྱི་རེ་བ་མཐོ་བ་དང་ཕྱི་རྒྱལ་གྱི་འཇུག་འཐུས་ཚད་གཞི་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་སྔ་བསྣུར་དུ་ཡིག་ཐོག་སྙན་ཞུ་འབུལ་བ་དང་། སྔོན་མངགས་ཞིབ་བཤེར་བྱེད་པ། ལག་ཁྱེར“དྲ་ཐོག་ནས་མཆན་སྤྲོད་བྱེད་པ”སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ། ལིས་གློག་རྫས་ཀྱི་ཉེན་ཡོད་དངོས་ཟོག་གི་ཐུམ་སྒྲིལ་གསལ་འབྱེད་དང་། ཆུ་གྲང་ཉ་རིགས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན། ས་ཁོངས་སྒྲོལ་བའི་དུས་གཏན་མེ་འཁོར་ལ་ལྟ་འདོམས་སོགས་ལྷུ་ཚིགས་ཀྱི་ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་འགག་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། མཚོ་སྔོན་གྱི་ཁེ་ལས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།