དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲེན་ཀྲེན་གྱིས་གྲ་སྒྲིག་ཨང་བསར་བྱས་ནས་APECབསུ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཧྲང་ཝུན། ཧོ་ལིན་ཕིང་།   |     སྤེལ་དུས།  2026-11-18

    ཟླ་11ཚེས་18དང་19ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཀོང་ཏུང་ཧྲེན་ཀྲེན་དུ་འཚོག་རྒྱུ་རེད། ཀྲུང་གོས་ལོ་12སོང་རྗེས་APECཡི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་སླར་ཡང་ཁུར་བ་དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཁྱིམ་ཚང་ཆེ་མོ་ཀྲུང་གོར་མཉམ་འཛོམས་དང་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་གཞན་ཞིག་རེད། ཧྲེན་ཀྲེན་གྱིས་གྲ་སྒྲིག་ཨང་བསར་བྱས་ཏེ་སྒོ་དབྱེའི་རྣམ་པ་དང་། གསར་གཏོད་ཀྱི་རྣམ་པ། མཉམ་ལས་ཀྱི་ལྷག་བསམ་བཅས་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་དགའ་བསུ་ཞུས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།

    ཚེས་14ཉིན། གསར་འགྱུར་ལྟེ་གནས་སུ་འཚོགས་པའི་བརྡ་གཏོང་ཚོགས་འདུ་དང་པོར་མིག་སྔར་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། “གྲ་སྒྲིག་ཨང་བསར་ཟིན་པའི”ཧྲེན་ཀྲེན་གྱི་སྡེ་ཁུལ་དང་། སྤྱི་གླིང་། ཚོང་ཁུལ་བཅས་སུ་ཚོན་མདོག་སྣ་ལྔས་བརྒྱན་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་བསྡད་དེ་ཕྱིར་སྐྱོད་མཁན་གྱི་གྲོང་མིའང་མང་དུ་ཕྱིན་ཡོད། གྲོང་ཁྱེར་གྱི་མ་ལམ་གཙོ་བོའི་འགྲམ་དུ་ཚོས་གཞི་སྣ་ཚོགས་པའི་སྟག་མའི་མེ་ཏོག་ལས་གྲུབ་པའི་བརྗོད་དོན་གཙོ་བོའི་མེ་ཏོག་གི་བཀོད་པ་དང་མེ་ཏོག་གི་བརྐོས་རིས་ཆེ་གྲས་ཀྱིས་ཁེངས་པ་དང་པད་མ་རི་བོའི་སྤྱི་གླིང་གི་སྔོ་ལྗང་བརྐོས་མ་ཆེ་གྲས་དང་། ཤང་མེ་ལམ་དུམ་གྱི་སྨི་410ཡོད་པའི་སྟག་མའི་མེ་ཏོག་གི་གྱང་། ད་ལྟ་རབ་ཏུ་བཞད་སྒང་གི་མེ་ཏོག་སྨུག་པོ་ཧྥུང་ལིང་མུའུ་སོགས་མེ་ཏོག་གི་ཚོམ་བུ་བསྒྲིགས་པ་དག་གིས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

    གོང་ཚེས་ཉིན། ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་མཱ་ལི་ཡ·ཆེར་ཏན་ཚའེ་ཝ་ཡིས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་བཀལ་བའི་འཕྲེད་འགེལ་སྦྱར་ཡིག་དང་། དར་ཆ། མཚོན་རྟགས་སོགས་ཞིབ་ཆ་རེ་རེ་ལས་ཧྲེན་ཀྲེན་གྱིས་གྲ་སྒྲིག་ཨང་བསར་བྱས་ཟིན་པ་མངོན་ཐུབ་ཅེས་བཤད། “གསར་གཏོད་གྲོང་ཁྱེར”ཡིན་པའི་ཧྲེན་ཀྲེན་གྱིས་འཕྲུལ་མིའི་ཞིབ་བཟོ་སོགས་ཐོན་ལས་ཀྱི་ལེགས་ཆ་ཚོགས་འདུ་གཉེར་བའི་བརྒྱུད་རིམ་ཁྲོད་དུ་མཉམ་འདྲེས་བྱས་ཡོད། གསར་འགྱུར་ལྟེ་གནས་སུ་འཕྲུལ་མི་མང་པོ་ཞིག་གིས་གསར་འགོད་པར་ཞབས་འདེགས་ཞུས་པས་སྤྲོ་སྣང་ལྡན་ལ་སྤྱོད་གོ་ཆོད་པ་ཞིག་ཡོད། “གཏན་འཁེལ་རང་བཞིན་མེད་པའི་མིག་སྔར། ཀྲུང་གོས་ཧྲེན་ཀྲེན་APECཚོགས་འདུ་གཟབ་རྒྱས་སྐར་ཁུང་དུ་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ་གཏན་འཁེལ་རང་བཞིན་དེ་བས་མང་བ་འཛམ་གླིང་ལ་ཁྱབ་པར་བྱས་ཡོད”ཅེས་ཁོང་གིས་བཤད།

    APECབཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ཆི་ལིའི་འཐུས་མི་ལུའོ་ལེ་ཐུའོ·ལའེ་ཏུན་གྱིས། ཧྲེན་ཀྲེན་APECཚོགས་འདུའི་གྲ་སྒྲིག་སྒྲིག་འཛུགས་ལས་དོན་ཧ་ཅང་ཡག་པོ་བསྒྲུབས་འདུག གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགྲན་སློང་མང་པོ་འཕྲད་པའི་རྒྱབ་ལྗོངས་འོག་APECཡིས་གླེང་མོལ་སྤེལ་རེས་ལ་བརྟེན་ནས་ཕན་ཚུན་རྒྱུས་མངའ་ལོན་ཚད་ཟབ་ཏུ་བཏང་སྟེ། དཔལ་འབྱོར་སྒྲིག་གཞི་ཁག་འཕེལ་རྒྱས་བརྟན་པོ་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།