ཚེས་བཅོ་ལྔ་ཉིན་ཀོང་ཏུང་ཧྲེན་ཀྲེན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་གཉེར་བ།
ཚེས་15ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཀོང་ཏུང་ཧྲེན་ཀྲེན་དུ་གཉེར་བ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་དགོས་ཚུལ་མངོན་གསལ་དུ་བཏོན་གནང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་བཏོན་གནང་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར། དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་ཀྱི་གོམ་སྟབས་གཅིག་གྱུར་ལ་བརྟེན་དགོས་ལ། རིག་གནས་དང་ཤེས་དཔལ་གྱི་སྟོབས་ཤུགས་ཀྱི་བློ་སེམས་གཅིག་མཐུན་ལའང་བརྟེན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཚོགས་ཞུགས་སྐུ་མགྲོན་ཚོས། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་ཧུར་ཐག་བསྟར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟབ་ཏུ་གཏོང་དགོས་པ་དང་། གསར་གཏོད་ཀྱི་རྣམ་པ་སྐྱེད་སྲིང་གིས་རིག་གནས་འཛུགས་སྐྱོང་གྲངས་རིག་ཅན་གྱི་མཐུན་སྦྱོར་དང་ཆ་འཕྲིན་ཅན་ཕྱོགས་སྒྱུར་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རིག་གནས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་འཕེལ་བར་བྱེད་དགོས། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་འཁྱོངས་ཀྱིས་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དམངས་སེམས་འབྲེལ་མཐུད་ཀྱི་སྦྲེལ་ཐག་དམ་དུ་གཏོང་དགོས་ཞེས་བརྗོད།
ད་ཐེངས་ཀྱི་བྱེད་སྒོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་། “རི་ཆུའི་བཀྲག་མདངས་མཉམ་དུ་འཚེར། མཛེས་པ་མ་ལུས་གཅིག་ཏུ་འདུས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་སྡེ་ཚན་དང་། རྒྱལ་སྤྱིའི་རྩ་འཛུགས། སྨྱན་སྦྱོར་སྒྲིག་གཞི་སོགས་ཁྱབ་ཁོངས་ཀྱི་འཐུས་མི་ཁྱོན་150ལྷག་ཙམ་ཞུགས་ཡོད།
འབྲེལ་ཡོད་གསར་འགྱུར།