དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གསོའི་ཚོགས་ཆེན་ཨ་རབ་ས་ཁུལ་དུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-18

    ཚེས་14ཉིན། འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གསོའི་ཚོགས་ཆེན་སྐབས་བརྒྱད་པ་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་འགོ་ཚུགས་ཤིང་། དེ་ནི་འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གསོའི་ཚོགས་ཆེན་ཨ་རབ་ས་ཁུལ་དུ་འཚོགས་ཐེངས་དང་པོ་རེད།

    ད་ཐེངས་ཀྱི་ཚོགས་ཆེན་དེ་འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་ཨེ་ཅིབ་འཕྲོད་བསྟེན་དང་མི་འབོར་པུས་མཉམ་དུ་གཙོ་གཉེར་བྱས་པ་དང་། “ཤར་ཕྱོགས་ཀྱི་བློ་གྲོས། གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱེད། ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གསོས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་ཚོགས་པ་འཛུགས་པར་རམ་འདེགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་གོ་དང་། ཨ་རི། ཨུ་རུ་སུ། ཧྥ་རན་སེ། ལེ་པ་ནོན། ཨེ་ཅིབ་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སློབ་གླིང་གི་འཐུས་མི། ཁེ་ལས་ཀྱི་འཐུས་མི་བཅས་མི་400ལྷག་ཙམ་འཛོམས་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གསོ་རྒྱལ་སྤྱི་ཅན་འཕེལ་རྒྱས་ཀྱི་ལྟེ་བའི་གྲོས་དོན་ལ་དམིགས་ཏེ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། ཚོགས་ཆེན་ཐོག《འཛམ་གླིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་གསོའི་ཁེ་རོའི་བསྒྲགས་གཏམ》དང《ཀྲུང་ལུགས་གསོ་རིག་གི་གཞི་རྩའི་ཐ་སྙད་ཀྱི་ཀྲུང་ཨ་ཤན་སྦྱར་གྱི་རྒྱལ་སྤྱིའི་ཚད་གཞི》སོགས་ཀྱི་གྲུབ་འབྲས་འགྲེམས་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།