དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བདུན་པའི་ལྟ་བཤེར་བཅའ་སྡོད་ཀྱི་དུས་མཚམས་ལས་དོན་ལེགས་སྒྲུབ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-18

    གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་བདུན་པའི་ཚོགས་ཆུང་5 2026ལོའི་ཟླ་10ཚེས་13ནས་ཟླ་10ཚེས་15ཉིན་བར། སྡོད་ཁང་འཛུགས་སྐྲུན་པུའུ་དང་ཞིང་ལས་གྲོང་གསེབ་པུའུ་ཡི་སྡེ་ཚན་གཉིས་སུ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ནས་འཆར་ཅན་གྱི་ལྟ་བཤེར་བྱས་ཏེ། ཧུའུ་པེ་དང་། ཧུའུ་ནན། ཀོང་ཤིས། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)7དུ་བྲག་ཁུང་དང་། འོབས་དོང་གཏིང་རིང་པོ། ལུང་ཤུར་བཅས་ཀྱི་སྦགས་བཙོག་གནད་དོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་བཤེར་བྱས་པ་དང་། ཉེ་ཆར་ལྟ་བཤེར་བཅའ་སྡོད་ཀྱི་དུས་མཚམས་ལས་དོན་ཚང་མ་ལེགས་སྒྲུབ་བྱུང་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་11ཚེས་15ཉིན་བར་འཆར་ཅན་གྱི་ལྟ་བཤེར་ཚོགས་ཆུང་གཉིས་ཀྱིས་མང་ཚོགས་ཀྱི་ཁ་པར་དང་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཁྱོན་607བདག་སྤྲོད་བྱས་ནས། ཐེར་འདོན་བསྐྱར་ཟློས་གསེད་བཀྲོལ་དང་ཟླ་སྒྲིལ་བཏང་བ་བརྒྱུད། རིམ་རྩིས་བརྒྱབ་ན་ལྟ་བཤེར་བྱ་ཡུལ་གྱི་གནད་དོན་ཁག་382བརྒྱུད་སྒྲུབ་བྱས་ཡོད། ལྟ་བཤེར་བྱ་ཡུལ་གྱིས་གནད་དོན་ཁག་249བསྒྲུབས་པའམ་ཡང་ན་དུས་མཚམས་ངང་བསྒྲུབས་ཡོད། དེ་དང་ཆབས་ཅིག ལྟ་བཤེར་བྱ་ཡུལ་སྡེ་ཚན་གྱི་ཁྱབ་ཁོངས་སུ་མི་གཏོགས་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐད་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་བྱས་ནས་བརྒྱུད་རིམ་ལྟར་འབྲེལ་ཡོད་ཕྱོགས་ཀྱིས་བསྒྲུབ་རྒྱུར་བརྒྱུད་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།