དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་དགུ་པ་འགོ་ཚུགས་པ།
ཉེ་ཆར། དར་གོས་ལམ་བུའི(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་སྐབས་དགུ་པའི་འགོ་ཚུགས་མཛད་སྒོ་ཀན་སུའུ་ཏུན་ཧོང་དུ་འཚོགས་ཤིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་1200ལྷག་ཙམ་འགོ་ཚུགས་མཛད་སྒོ་དང་། རིག་རྩལ་འཁྲབ་སྟོན་ལ། ཚོང་འགུགས་འོས་སྦྱོར། འཛད་སྤྱོད་སྐུལ་སྤེལ། དར་གོས་ལམ་བུའི་རིག་གནས་ཡུལ་སྐོར་ཉམས་ལེན་སོགས་ཀྱི་བྱེད་སྒོར་ཞུགས་པ་རེད།
སྐབས་འདིའི་རིག་གནས་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་པ་དང་། རྒྱལ་ཁབ་50ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོའི་འཐུས་མི་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཐུས་མི་ཞུགས་ཡོད་པ་རེད།
2016ལོ་ནས་བཟུང་། ལོ་བཅུའི་འཕེལ་རྒྱས་བརྒྱུད་ཏུན་ཧོང་རིག་གནས་འགྲེམས་ཚོགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་གྱི་སྐུ་མགྲོན་ཆིག་ཁྲི་ཙམ་འགྲེམས་ཚོགས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ནས། རིག་གནས་སྤེལ་རེས་ཀྱི་ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ཀྱི་གྲུབ་འབྲས་གསར་པ་མཉམ་སྤྱོད་བྱས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས། ཏུན་ཧོང་རིག་གནས་འགྲེམས་ཚོགས་ནི་ཤེས་དཔལ་མི་འདྲ་བའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་བར་ཤུགས་སྣོན། རིག་གནས་ཡུལ་སྐོར་གྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།