ཞི་ཅིན་ཕིང་གིས་ཅི་ནན་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
རྟེན་འབྲེལ་འཕྲིན་ཡིག
ཅི་ནན་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་སུ། ངས་དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན།
འགོ་འཛུགས་ས་གསར་པར། ཅི་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་། སློབ་གཉེར་གྱི་ཁྱད་ཆོས་མཐའ་འཁྱོངས། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་ཕྱིའི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་བཅས་བྱས་ཏེ། ཕྱིར་སྡོད་རང་མིའི་སེམས་ཤུགས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་།
2026ལོའི་ཟླ་11ཚེས་16ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་16ཉིན་འབྱོར་བའི་གློག་འཕྲིན)
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་16ཉིན་འཕྲིན་ཡིག་སྤྲིངས་ཏེ། ཅི་ནན་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། དགེ་སློབ་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་ཚོར་རྟེན་འབྲེལ་ཡང་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར། ཅི་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་། སློབ་གཉེར་གྱི་ཁྱད་ཆོས་མཐའ་འཁྱོངས། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་ཕྱིའི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་བཅས་བྱས་ཏེ། ཕྱིར་སྡོད་རང་མིའི་སེམས་ཤུགས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་བཀོད་ཡོད)
ཅི་ནན་སློབ་ཆེན་ནི་1906ལོར་བཙུགས་ཤིང་། ལོ་120ཡི་རིང་། སློབ་གྲྭས་སློབ་གཉེར་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དུས་བསྟུན་འཕེལ་རྒྱས་དང་གཞུང་འཁྱོངས་གསར་འབྱེད་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་170ལྷག་ཙམ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ལ་ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།