དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”

    ——ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ནེའུ་ཙི་ལན་གྱི་འཐུས་མི་ཨའོ་ལའེ་ལི་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཧྲང་ཝུན། ཞེ་ཅ་ཉིང་།   |     སྤེལ་དུས།  2026-11-17

    “གོ་ལ་ཧྲིལ་པོའི་མ་ལག་ལ་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད་པས་ང་ཚོས་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་ཀྱང་ལྷག་པར་ཐུན་མོང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས” ཉིན་ཤས་གོང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ནེའུ་ཙི་ལན་གྱི་འཐུས་མི་པུའུ་ལེ་ཐེ·ཨའོ་ལའེ་ལི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། APECཡི་དཔལ་འབྱོར་སྡེ་གཞི་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།

    ཨའོ་ལའེ་ལི་ཡིས། APECཡི“ཀྲུང་གོའི་ལོར”“སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་དམིགས་བཀར་གྱི་ཁྱབ་ཁོངས་ཆེན་པོ་གསུམ་ལ་ངོས་འཛིན་གཅིག་མཐུན་བྱུང་ཞིང་། “དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་གསར་པ་དང་ས་ཁོངས་ཀྱི་དཔལ་འབྱོར་སྡེ་གཞི་ཁག་གི་དགོས་མཁོ་གསར་པ་དང་མཐུན་ཡོད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཀྱང་རེད”ཅེས་བརྗོད་པ་དང་། ཁོང་གིས། སྒོ་དབྱེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་སྒུལ་ཤུགས་ཤིག་རེད། གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་རྒྱུན་མཐུད་འགྲོ་བའི་རྒྱབ་ལྗོངས་འོག ཕྱོགས་ཁག་གིས་ཀྲུང་གོའི་སྣེ་ཁྲིད་འོག་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཧྲིལ་པོར་ཁྱབ་པའི་རང་མོས་ཚོང་དོན་གྲོས་ཆོད་ལ་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་བར་ཁེ་ལས་ལས་རིགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ས་ཁོངས་ཚོང་དོན་ནི་བསྟུན་མཁས་དང་། བཀག་རྒྱ་གཏོར་བ། སྒྲིག་སྲོལ་ལ་གཞི་ཚུགས་པ་བཅས་ཡིན་དགོས་པས། དེ་ནི་རྒྱལ་ཁབ་ཆེན་པོ་དང་ཀུང་སི་ཆེན་པོ་དང་འབྲེལ་བ་ཡོད་པ་མ་ཟད། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་སོགས་མཉམ་དུ་ཞུགས་དགོས་ཀྱི་ཡོད། “བསྟུན་མཁས་དང་ཀུན་ཕན་ཇི་ཙམ་བྱས་ན་དམངས་ཚོགས་དེ་བས་མང་བ་དབུལ་པོའི་གནས་ལས་སྒྲོལ་བར་དེ་ཙམ་གྱིས་རོགས་རམ་ཐུབ་རྒྱུ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགྲན་སློང་གཞན་དག་ལ་ཁ་གཏད་གཅོག་པར་ཕན་པ་ཐོབ་རྒྱུ་རེད”ཅེས་བརྗོད།

    ཨའོ་ལའེ་ལི་ཡིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་རྙོག་འཛིང་ཆེ་བའི་གནད་དོན་ལ་ཁ་གཏད་གཅོག་པའི་ཁྲོད་གསར་གཏོད་ཀྱིས་འགག་རྩའི་ནུས་པ་བཏོན་ཡོད་པའི་ངོས་འཛིན་བྱས་པ་དང་། ཁོང་གིས“ཐོན་སྐྱེད་རྣམ་པའི་མི་ཐབས་རིག་ནུས་དང་ཚད་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ལག་རྩལ་ཚད་བརྒལ་ནས་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཕྱོགས་སུ་བསྐྱོད་པའི་འགག་རྩ་ནི་མཉམ་ལས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་སྲོལ་འཛུགས་པ་དང་ཉམས་མྱོང་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་གསར་གཏོད་ལག་རྩལ་དེ་དཔལ་འབྱོར་ཁོར་ཡུག་མི་འདྲ་བའི་ཁྲོད་མཉམ་སྤྱོད་དང་། གཞན་སྒྱུར། འཚམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཐུག་ཡོད”ཅེས་བརྗོད།

    “གྲངས་འཛིན་དཔལ་འབྱོར་དང་གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་ཀྲུང་གོའི་འཕེལ་རྒྱས་ལས་ལས་ཕྱོད་དང་ཁྱབ་ནུས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཇི་ལྟར་གཏོང་དགོས་པ་གང་ལེགས་མངོན་ཡོད”ཅེས་ཨའོ་ལའེ་ལི་ཡིས་བརྗོད། ཉེ་བའི་ལོ་ཤས་རིང་། ཁོང་ཀྲུང་གོར་གཞུང་དོན་སྒྲུབ་པར་ཡོང་རིམ་བཞིན་གློག་རྡུལ་གཏོང་སྤྲོད་བེད་སྤྱོད་བྱེད་ཀྱི་ཡོད། “དེ་ནི་དུས་ཐུང་ནང་བྱུང་བའི་འགྱུར་ལྡོག་ཆེན་པོ་ཞིག་རེད” “གོ་ལ་ཧྲིལ་པོར་ཕྱོགས་སྐབས་ཀྲུང་གོའི་ཁེ་ལས་ཀྱིས་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་ཨ་ཧྥེ་རི་ཁ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་སོགས་ས་ཁུལ་གྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ས་ཁམས་དང་ཆ་འཕྲིན་གྱི་འགོག་རྐྱེན་ལས་སྒྲོལ་རོགས་བྱས་ཏེ་གོ་ལ་ཧྲིལ་པོའི་ཚོང་དོན་ནང་ཐད་ཀར་ཞུགས་ནས་མི་ཚང་མར་ལག་རྩལ་གྱི་ཕན་པ་ཐོབ་གང་ཐུབ་བྱེད་ཀྱི་ཡོད” ཨའོ་ལའེ་ལི་ཡིས། དེ་ནི“འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི”གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཡིན་པ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་བུད་མེད་ཁེ་ལས་མཁས་ཅན་གྱི་དཔལ་འབྱོར་བསྟུན་མཁས་རང་བཞིན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་APECཡི་བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ཡུན་རིང་གི་དམིགས་བཀར་དོན་ཚན་ཞིག་རེད། “གྲངས་འཛིན་ནུས་པ་དེ་དག་དཔལ་འབྱོར་དངོས་ཚན་དང་ཁེ་ལས་འབྲིང་ཆུང་བར་སྣུར་སྲིང་བྱ་རྒྱུ་དེ་བསྟུན་མཁས་རང་བཞིན་འཕར་བར་གལ་འགངས་ཆེན་པོ་ཡོད”ཅེས་བརྗོད།

    ཧྲེན་ཀྲེན་དུ་འཚོགས་པའི་APECཚོགས་འདུར་ཨའོ་ལའེ་ལི་ཡིས་རེ་སྒུག་ཆེན་པོ་བྱེད་ཅིང་། “སྐད་ཆ་ཤོད་རེས་བྱེད་རིམ་བཞིན་ཚང་མ་ནི‘གང་ཞིག་སྤྱོད་གོ་ཆོད་མིན’སྐོར་ལ་སླར་ཡང་ངོས་འཛིན་བྱེད་པ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ས་ཁོངས་མཉམ་ལས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་ཆེད་རེད” ཁོང་གིས“དཔལ་འབྱོར་སྡེ་གཞི་ཁག་གི་འགོ་ཁྲིད་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཧྲེན་ཀྲེན་དུ་འཛོམས་པ་དེས་དེ་བས་རྒྱ་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད། གཏན་འཁེལ་མེད་པའི་རང་བཞིན་ཁྲོད་རྒྱུན་མཐུད་ཆོག་པའི་མཉམ་འཕར་ཆེ་རུ་ཕྱིན་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།