དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲེན་ཀྲེན་གྱིས་གྲ་སྒྲིག་ཨང་གསར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྐུ་མགྲོན་དང་གྲོགས་པོ་བསུ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-17

    ཟླ་11ཚེས་18དང་19ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཧྲེན་ཀྲེན་དུ་འཚོག་རྒྱུ་རེད། མིག་སྔར་གྲོང་ཁྱེར་ཡོངས་སུ་མེ་ཏོག་རབ་ཏུ་བཞད་ཁར་བརྗོད་དོན་གཙོ་བོའི་མེ་ཏོག་ལྡུམ་རར་མཛེས་རྒྱན་གྱིས་རབ་ཏུ་བརྒྱན་པ་མ་ཟད། གཞུང་ལམ་གཡས་གཡོན་དུ་བཙུགས་པའི་ཚོན་མདོག་སྣ་ཚོགས་ཀྱི་དར་ཆ་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བ་དང་། ས་འོག་ལྕགས་ལམ་གཙོ་བོ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས། འགག་སྒོའི་སྐར་ཁུང་སོགས་སུའང་ཚོགས་འདུ་གཟབ་རྒྱས་ཀྱི་མཚོན་རྟགས་བསྒར་བ་བཅས་ཧྲེན་ཀྲེན་གྱིས་གྲ་སྒྲིག་ཨང་གསར་བྱས་ནས་ཕྱོགས་བཞིའི་སྐུ་མགྲོན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཚོགས་འདུར་ཕེབས་པར་བསུ་བ་ཞུ་བཞིན་ཡོད།

    འདི་ནི་ཧྲེན་ཀྲེན་གཙང་འགྲམ་ལམ་ཆེན་ཐོག་གི་APECཡི“ཀྲུང་གོའི་ལོའི”དར་ཆ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།