ཕ་ཁི་སི་ཐན་དུ་ཀྲུང་ཕའི་དཀར་ཆས་རིག་དངོས་དང་དེང་རབས་སྒྱུ་རྩལ་འགྲེམས་ཚོགས་འགོ་ཚུགས་པ།
ཉེ་ཆར། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཀར་ཆས་རིག་དངོས་དང་དེང་རབས་སྒྱུ་རྩལ་འགྲེམས་ཚོགས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་འགོ་ཚུགས་པ་དང་། འགྲེམས་ཚོགས་ནང་ཀྲུང་གོའི་གནའ་བོའི་དཀར་ཆས་དང་དེ་བཞིན་ཀྲུང་གོའི་ཉམས་འགྱུར་ལྡན་པའི་མཛེས་རིག་དང་དེང་རབས་ཇུས་འགོད་ཀྱི་ལྟོ་སྣོད་མཉམ་དུ་འདུས་ནས་ཀྲུང་གོའི་དཀར་ཆས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གཅིག་སྡུད་མངོན་པར་བྱས་ཡོད།
ཀྲུང་ཕའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་ཆེད། ད་ཐེངས་ཀྱི་འགྲེམས་ཚོགས་དེ་ཕ་ཁི་སི་ཐན་རྒྱལ་ཁབ་ཤུལ་བཞག་དང་རིག་གནས་པུའི་གཤམ་འོག་གི་དབྱི་སི་ལམ་པོའི་རྟེན་མཛོད་ཁང་དང་། གནའ་རྫས་རྟོག་ཞིབ་དང་རྟེན་མཛོད་ཅུས། ཕ་ཁི་སི་ཐན་ཀྲུང་གོའི་རིག་གནས་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།