APECཧྲེན་ཀྲེན་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་པ།
ཟླ་11ཚེས་14ཉིན། གསར་འགོད་པར་2026ལོའི་APECའགོ་ཁྲིད་པའི་ཚོགས་འདུའི་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་ཀྱི་སྔོན་བརྡའི་ཚོགས་འདུ་ཐོག་མ་ནས་ཤེས་རྟོགས་བྱུང་བར། APECཧྲེན་ཀྲེན་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གྲ་སྒྲིག་ལས་དོན་ལ་ལྗང་མདོག་དང་། རིག་གནས། ཚན་རྩལ་བཅས་ཀྱིས་མཐུན་རྐྱེན་སྦྱོར་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱ་རྒྱུ་སྟེ། ད་ཡོད་ཀྱི་ཐོན་ཁུངས་སྤྱད་དེ་བྱེད་སྒོ་སྤེལ་ཡུལ་སྒྱུར་བཀོད་རིམ་སྤོར་ཡག་པོ་བྱས་ནས་ལྗང་མདོག་ཕྱིར་སྐྱོད་དར་སྤེལ་གཏོང་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚོགས་རའི་བཀོད་སྒྲིག་དང་། རིག་རྩལ་འཁྲབ་སྟོན། བཟའ་བཏུང་ཞབས་ཞུ་སོགས་སུ་ཁྱབ་པར་བྱ་རྒྱུ། རིག་ནུས་ཕྱོགས་སྟོན་དང་། རིག་ནུས་ཡིག་སྒྱུར། གྲངས་འཛིན་འགག་སྒྲོལ། བློ་རིག་བཀོད་གཏོང་སོགས་ཀྱི་ལག་རྩལ་དེ་སྣེ་ལེན་ཞབས་ཞུ་དང་གྲོང་ཁྱེར་དུ་ལྟ་སྐོར་སོགས་ལྷུ་ཚིགས་ཁག་ལ་མཉམ་འདྲེས་ཐུབ་པར་བྱ་རྒྱུ་བཅས་རེད།
མིག་སྔར་བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་བཀོད་ཚང་མ་གྲ་སྒྲིག་བྱས་ཟིན་ཞིང་། གྲོང་མིའི་ལྗང་མདོག་ཕྱིར་སྐྱོད་ཀྱི་ཞིབ་ཕྲའི་དགོས་མཁོར་དམིགས་ནས་ཧྲེན་ཀྲེན་གྱིས་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
ཚོགས་འདུའི་དུས་འཁོར་རིང་། ཀོང་ཏུང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ལྟ་སྐོར་ས་ཚིགས་218དང་ལྟ་སྐོར་ལམ་ཐིག་43བཏོད་པ་དང་། ཧྲེན་ཀྲེན་དུ་ཆན་ཧའེ་ལམ་ཐིག་དང་ནན་ཧྲན་ལམ་ཐིག་གི་མཚོན་བྱེད་རང་བཞིན་གྱི་ལྟ་སྐོར་ལམ་ཐིག་གཉིས་ཀྱང་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།