དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱ་ཚ་རྫོང་གི་གཞོན་ནུ་བརྒྱ་ལྷག་ཙམ་ཧུའུ་པེའི་དབྱི་ཁྲང་དུ་ལས་ཞུགས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-17

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་2026ལོའི་ཁག་གཉིས་པའི་ལྗོངས་ཕྱིའི་ལས་ཞུགས་མི་སྣ་རྡོག་ཐོན་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་117ཧུའུ་པེ་ཞིང་ཆེན་དབྱི་ཁྲང་ཀྲི་ཅང་གྲོང་ཁྱེར་གྱི་ཁེ་ལས་སུ་ལས་ཞུགས་ཐུབ་པའི་ནང་རྒྱ་ཚ་རྫོང་གི་མི་103ཡོད་པ་རེད། མིག་སྔའི་བར་རྒྱ་ཚ་རྫོང་གི་ཁག་བདུན་གྱི་གཞོན་ནུ་229དབྱི་ཁྲང་དུ་སྔ་རྗེས་སུ་ལས་ཞུགས་ཐུབ་པ་དང་མིག་སྔར་མི་135ཡི་ལས་གནས་བརྟན་པོ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རྒྱ་ཚ་རྫོང་གིས་ལྗོངས་ཕྱིའི་ལས་ཞུགས་ལས་དོན་སྤེལ་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ལྗོངས་ཕྱིའི་ལས་ཞུགས་ལས་སྟེགས་བསྐྲུན་པ་དང་། “གནས་ལ་གནས་གཏད་ཀྱི་གཅིག་འཐུས་རྣམ་པའི”ཞབས་ཞུ་འགན་ལེན་བྱས་པ། “ཏང་སྲིད་ཀྱིས་གནད་སྨིན་བཀོད་སྒྲིག་དང་། བོད་སྐྱོར་གྱིས་གནད་སྨིན་སྦྲེལ་མཐུད། སྡེ་ཚན་ཁག་གིས་གནད་འཕིགས་མཐུན་སྦྱོར། ཁེ་ལས་ཀྱིས་ཤེས་ལྡན་པ་གནད་སྨིན་གསོ་སྐྱོང་། མི་ཆོས་རིག་གནས་ཀྱི་གནད་སྨིན་སེམས་ཁུར། གཅིག་སྡུད་སྒྲིག་འཛུགས། གཅིག་སྡུད་སྐྱེལ་འདྲེན། གཅིག་སྡུད་ལས་ཞུགས”བཅས་ཀྱི་ལྗོངས་ཕྱིའི་ལས་ཞུགས་བྱེད་སྟངས་འོས་འཚམ་ཞིག་འཚོལ་ཞིབ་ཐུབ་པ་རེད། སྲིད་ཇུས་ཀྱི་ཁྲིད་སྟོན་དང་། རྩལ་ནུས་གསོ་སྦྱོང་། ལས་གནས་སྦྲེལ་མཐུད་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་འབྲོག་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བར་ས་མཐོ་ནས་ཐོན་རྒྱུར་རོགས་རམ་བྱས་ཏེ་དེ་བས་རྒྱ་ཆེ་བའི་ལས་སྟེགས་ཐོག་ལས་ཞུགས་ཐུབ་ནས་འབབ་འཕར་ཡོང་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།