དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤོ་བོ་རྫོང་གིས།

    གཞི་རིམ་གྱི་དམངས་ཕན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-17

    ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་གཞི་རིམ་གྱི་དམངས་ཕན་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཚད་ལྡན་ཅན་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་བསྐྲུན་པ་དང་ཆབས་ཅིག མངག་ཚོང་སྐྱེལ་མཁན་གྱིས་སྤོ་བོ་རྫོང་གི་མངག་ཚོང་སྐྱེལ་མཁན་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞི་རིམ་བཅོས་སྐྱོང་ནང་རྒྱ་ཁྱབ་ངང་ཞུགས་སུ་བཅུག་སྟེ། དྲོ་སྐྱིད་སྦྱིན་པའི་ཞབས་ཞུ་ཁྲོམ་གཞུང་དང་སྲང་ལམ་དང་མང་ཚོགས་ལ་ཁྱབ་པར་བྱས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་རེད།

    སྤོ་བོ་རྫོང་གི་ཀོང་ཀྲོའུ་དང་སྤོ་བོའི་སེམས་མཐུན་མཛེས་མཐུན་ས་ཚིགས་གཙང་སྦྲ་དོད་ལ་བཀོད་པ་ལེགས་པ་མ་ཟད། ད་དུང་ངལ་གསོ་རྒྱག་སའི་སྒྲོག་ཙེ་དང་རྐུབ་སྟེགས་དང་རིན་མེད་གློག་གསོག་སྒྲིག་ཆས་སོགས་རྨང་གཞིའི་དམངས་ཕན་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ཉོ་སྐྱེལ་དང་མྱུར་སྐྱེལ་མི་སྣ་དང་དེ་བཞིན་འགྲོ་འོང་བྱེད་མཁན་ཡུལ་མི་དང་ཡུལ་སྐོར་བར་གནས་སྐབས་ངལ་གསོ་ས་བསྐྲུན་པ་དང་སྲིད་ཇུས་བློ་འདྲི་སོགས་ཀྱི་ཀུན་ཕན་ཞབས་ཞུ་བསྒྲུབས་པས། དུས་དང་རྣམ་པ་ཀུན་ཏུ་དྲོ་སྐྱིད་ཚོར་ཐུབ་པའི་གནས་ཤིག་ཏུ་གྱུར་ཡོད།

    དམངས་ཕན་ཞབས་ཞུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད། ཁྲབ་རྨོག་སྡེ་ཁུལ་གྱིས་ས་ཚིགས་ཀྱི་བདག་སྐྱོང་ལམ་སྲོལ་ཞིབ་ཚགས་སུ་བཏང་སྟེ། སྡེ་ཁུལ་ལས་དོན་པའི་རེས་སྐོར་ལས་སྒྲུབ་ལམ་ལུགས་དོན་འཁྱོལ་བྱས་པ་དང་། དུས་བཀག་ལྟར་གཙང་སྦྲ་འཕྲོད་བསྟེན་དང་དངོས་ཟོག་མཁོ་སྤྲོད་བྱས་པ་དང་ཆབས་ཅིག ས་ཚིགས་དེ་དམངས་ཀྱི་གནས་ཚུལ་འཚོལ་བསྡུ་བྱེད་སའི་ལས་སྟེགས་སུ་བསྐྲུན་ནས་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་དམངས་འཚོའི་དཀའ་གནད་དུས་ཐོག་ཏུ་སེལ་གྱི་ཡོད། མིག་སྔར་ཁྲབ་རྨོག་སྡེ་ཁུལ་དུ་དམངས་ཕན་ཞབས་ཞུའི་ས་ཚིགས་5བསྐྲུན་པ་དང་ཚང་མ་རིན་མེད་ངང་མང་ཚོགས་ལ་སྒོ་ཕྱེ་ནས་གྲོང་ཁུལ་དུ་ཁྱབ་པའི་དམངས་ཕན་ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ཟླ་6པར་རུ་ཁག་དེ་བཙུགས་ཚུན། རིམ་རྩིས་བརྒྱབ་ན་རིགས་ཁག་གི་དམངས་འཚོའི་གནད་དོན་110ལྷག་ཙམ་གྲལ་བཤེར་གོང་ཞུ་བྱས་པ་དང་ཐག་གཅོད་བྱེད་ཚད་100%ཟིན་ཡོད། མིག་སྔར་སྤོ་བོ་རྫོང་དུ་དང་བླངས་ཞབས་ཞུའི་རུ་ཁག་12ཡོད་པ་དག་གིས་དམངས་འཚོའི་བྱ་བ་དངོས་འབོར་ཆེན་ཞིག་ནུས་ལྡན་བསྒྲུབས་པ་མ་ཟད། རྫོང་ཁོངས་ཀྱི་གཞི་རིམ་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་བྱེད་པར་གསོན་ཤུགས་གསར་པའང་བསྣན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།