དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

    “ལང་ཚོ་དར་དུས་སྲུང་སྐྱོང་བྱེད། བདེ་འཇགས་འགོག་རགས་བརྟན་དུ་གཏོང་བའི”ཆེད་དོན་བདེ་འཇགས་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-17

    འདི་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པས་སློབ་མ་ཚོར་སྐེ་དཀྲིས་སོགས་གཅེས་སེམས་དངོས་པོ་སྤྲོད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་གདོང་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའུ(བུད་མེད་མཉམ་འབྲེལ་ལྷན་ཚོགས)དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆུང་དང་པོར“ལང་ཚོ་དར་དུས་སྲུང་སྐྱོང་བྱེད། བདེ་འཇགས་འགོག་རགས་བརྟན་དུ་གཏོང་བའི”ན་སོ་དར་ལ་མ་བབས་པའི་མིའི་རང་སྲུང་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། ལོ་རིམ་བཞི་པ་ནས་དྲུག་པའི་བར་གྱི་སློབ་མ་བུ་མོ་300ལ་དྲོ་སྐྱིད་ལྡན་ལ་གོ་ཆོད་པའི་རང་སྲུང་སློབ་ཚན་ཞིག་ཁྲིད་པ་རེད།

    བྱེད་སྒོར་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཚའོ་ཞའོ་མའེ་གདན་དྲངས་ནས་སློབ་མ་ཚོར་ཆེད་དོན་བདེ་འཇགས་སློབ་གསོའི་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་རིང་། རྒན་ཚའོ་ཞའོ་མའེ་ཡིས་ན་སོ་དར་ལ་མ་བབས་པའི་བུ་མོའི་ལུས་སེམས་འགྱུར་ལྡོག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། ལང་ཚོ་དར་དུས་ཀྱི་ལུས་ཁམས་བདེ་ཐང་གི་ཚན་རིག་ཁྱབ་གདལ་དང་། འཛེམ་སྣང་དང་གསང་དོན་སྲུང་སྐྱོང་། སེམས་ཁམས་བདེ་ཐང་དང་རང་སེམས་ལེགས་སྒྲིག་སོགས་ཀྱི་ནང་དོན་ལ་དམིགས་ནས། གྱོད་དཔེར་འགྲེལ་བཤད་དང་མཉམ་འགུལ་གྱི་དྲི་བ་དྲིས་ལན་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་མ་བུ་མོ་ཚོར་ཚན་རིག་དང་མཐུན་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ངོས་འཛིན་དང་རང་ཉིད་ལ་སྲུང་སྐྱོང་བྱེད་ཤེས་པ་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།