རང་ལྗོངས་ཀྱི་སྡེ་ཚན་གསུམ་གྱིས“སྒོ་རྩར་སྲིད་ཇུས་སྐྱེལ་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་དང་མཉམ་དུ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བཟོ་ལས་གླིང་བོད་ལྗོངས་ཧྲེང་ཤིན་བཟོ་ལས་ཚོང་དོན་ཚད་ཡོད་ཀུང་སིར་བསྐྱོད་དེ“སྒོ་རྩར་སྲིད་ཇུས་སྐྱེལ་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། ཁེ་ལས་ལ་ཕན་པའི་ཁྲིམས་སྲོལ་དང་། སྲིད་ཇུས། ཆེད་ལས་ཞབས་ཞུ་བཅས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱལ་བ་རེད།
ཁེ་ལས་ཀྱི་དོ་ཁུར་བྱེད་སར་དམིགས་ནས་སྡེ་ཚན་ཁག་གི་ལས་སྒོའི་མི་སྣས་རིགས་དབྱེ་ནས་སྲིད་ཇུས་ཟུར་ཁྲིད་བྱས་པ་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲོག་ལས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གསལ་འགྲེལ་བྱས་པ་དང་། ཞིང་ལས་རྒྱལ་སྤྱིའི་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་པོ་རྩེ་གྲ་སྐྱེད་སྲིང་བྱེད་པའི་རྒྱབ་སྐྱོར་གྱི་ཁ་ཕྱོགས་ལ་འགྲེལ་བཤད་བརྒྱབ་པ་དང་སྦྲགས། དུས་མཉམ་དུ་སྤུས་རྟགས་སྐྱེད་སྲིང་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལྷན་སྦྱར་རོགས་སྐྱོར་སྲིད་ཇུས་བཅས་ངོ་སྤྲོད་བྱས་པ་རེད། ཁེ་ལས་ཀྱིས་བཏོན་པའི་ལས་སྒོའི་དོགས་གནད་ལ་དམིགས་ཏེ་ཚན་པ་གསུམ་པོས་ད་དུང་ས་ཡུལ་དངོས་སུ་གྲོས་མོལ་དང་འཕྲལ་མར་ལན་བཏབ་ནས“ཁེ་ལས་སྒོ་རྩར་ཡོང་ནས་བློ་འདྲི་བྱེད་པ”དེ“སྒོ་རྩར་ཞབས་ཞུ་སྐྱེལ་བའི”བར་དངོས་སུ་བསྒྱུར་ཡོད།
འབྲེལ་ཡོད་གསར་འགྱུར།