དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ས་བབ་སྨི་3600ཡི་སར་གནས་པའི“ལྷ་མོ་དར་ཡུལ་གྲོང་ཚོ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-17

    འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ལྷ་མོ་སྦྱོང་མཁན་ཕྲུ་གུ་ཚོས་ལྷ་མོ་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་ས་སྲོས་ཀྱི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་རྣམ་པ་ཡིན་པ། (ཟླ་7ཚེས་29ཉིན་མི་མེད་གནམ་གྲུས་པར་དུ་བླངས་པ)

    ཆ་སྙོམས་ས་བབ་སྨི་3600ཙམ་ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་རི་ཆུས་བརྒྱན་པ་དང་། ཡུག་གཅིག་ཏུ་སྦྲེལ་བའི་ཡུལ་མིའི་བོད་བཟོའི་སྡོད་ཁང་ནི་ཕན་ཚུན་སྤེལ་མའི་ཚུལ་དུ་གནས་ཤིང་། 2016ལོར་གྲོང་སྡེ་དེ་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་ཁག་བཞི་པའི་མིང་གཞུང་ནང་བདམས་ཡོད།

    ཤོད་རྒྱུན་ལྟར་ན། ལྷ་མོའི་སྲོལ་གཏོད་མཁན་ཐང་སྟོང་རྒྱལ་པོས་ཞལ་འདེབས་སློང་ནས་ཟམ་པ་སྐྲུན་པའི་ལམ་བར་དུ་གྲོང་ཚོ་དེ་བརྒྱུད་ཅིང་། ཁོང་གིས་དེ་ནས་ལྷ་མོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་གསར་དུ་བརྩམས་ཡོད། དུས་དེ་ནས་བཟུང་། བཀྲ་ཤིས་ཞོལ་པ་ཡུལ་ལུང་དེ་ནས་དར་བ་མ་ཟད། མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡོད་པས། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ“ལྷ་མོ་དར་ཡུལ་གྲོང་ཚོ”ཞེས་འབོད་ཀྱི་ཡོད།

    འོང་སྐོར་དང་བོད་ཀྱི་ལོ་གསར་སོགས་སྲོལ་རྒྱུན་གྱི་དུས་ཆེན་འཆར་རིམ་བཞིན་ལྷ་མོ་ནི་དེ་གའི་རྟེན་འབྲེལ་མཛད་སྒོའི་འཁྲབ་བྱའི་ནང་དོན་གཙོ་བོ་ཞིག་ཡིན་པས། ཐག་རིང་ནས་ཡུལ་སྐོར་བ་མི་ཉུང་བ་ཞིག་འདིར་ཡོང་ནས་ལྷ་མོར་ལྟ་གིན་མངོན་མིན་རིག་གནས་ཤུལ་བཞག་ལ་ཤེས་རྟོགས་བྱེད་ཀྱི་ཡོད་པ་རེད།

    མིག་སྔར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་པས་ན། གནའ་བོའི་གྲོང་སྡེ་དེའི་གསོན་ཤུགས་རྒྱུན་མཐུད་འཕེལ་བཞིན་ཡོད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཁྱིམ་ཚང་བརྒྱ་ཆ་དྲུག་ཅུ་ལྷག་ཙམ་གྱིས་ལྷ་མོའི་བརྗོད་དོན་གཙོ་བོའི་དམངས་སྲོལ་གནས་ཚང་གཉེར་བས་ཡུལ་མི་ཚོ་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པ་མ་ཟད། ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་བརྟན་པོ་རག་བཞིན་ཡོད་པ་རེད། 2020ལོའི་ཟླ་6པ་ནས་དམངས་སྲོལ་གནས་ཚང་གི་ཐོན་ལས་གཞི་ཁྱོན་ཆེན་པོས་འཕེལ་རྒྱས་ཕྱིན་ཚུན། 2026ལོའི་ཟླ་5པའི་ཟླ་མཇུག་བར། སྡེ་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་880བྱུང་བ་དང་། རིམ་རྩིས་བརྒྱབ་ན་ལྷ་མོ་ཐེངས་1400ལྷག་ཙམ་འཁྲབ་སྟོན་བྱས་པ་དང་། མེ་ཕུང་སྒོར་གཞས་ཀྱི་དགོང་ཚོགས་ཐེངས་1300ལྷག་ཙམ་འཁྲབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།