ཀོང་ཏུང་ཞིང་ཆེན་གྱི་ལས་རིགས་ཁག་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ།
ཟླ་11ཚེས་13ཉིན་གྱི་སྔ་དྲོར། ཀོང་ཏུང་ཞིང་ཆེན་གྱི་ལས་རིགས་ཁག་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཀོང་ཀྲོའུ་ཀྲུང་ཧྲན་དྲན་གསོ་ཁང་དུ་འཚོགས་ཤིང་། ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རླབས་ཆེན་གྱི་མི་རིགས་དཔའ་བོ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོའི་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་ཟབ་མོ་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་ཤིང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས་པ་རེད། ཀོང་ཏུང་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གྲོས། ཀོང་ཀྲོའུ་གྲོང་ཨུད་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གཉེན་ཉེའི་འཐུས་མི་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་དང་ཕྱི་རྒྱལ་གྱི་འབྲེལ་ཡོད་མི་སྣ། ཞིང་ཆེན་གྱི་འབྲེལ་ཡོད་ཚན་པ་དང་། ཀོང་ཀྲོའུ་གྲོང་ཁྱེར། ཀྲུང་ཧྲན་གྲོང་ཁྱེར་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་མཐོ་སློབ་ཀྱི་དགེ་སློབ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
ཚོགས་ཆེན་གྲོལ་རྗེས་ཀོང་ཏུང་ཞིང་ཆེན་གྱི་ལས་རིགས་ཁག་གི་མི་སྣས་ཀོང་ཀྲོའུ་ཀྲུང་ཧྲན་དྲན་གསོ་ཁང་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཟངས་སྐུར་གུས་མཇལ་ཞུས་ཏེ་གུས་སྟབས་ཀྱིས་གུས་འདུད་ཐེངས་གསུམ་ཞུས་པ་དང་འབྲེལ་དལ་བུར་སྐོར་བ་གཅིག་བརྒྱབ་ནས་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་མི་རིགས་རང་བཙན་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་བཞག་གནང་བར་དྲན་གསོ་ཟབ་མོ་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།