རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་མཐའ་བསྡུར་བྱས་པ།
རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་མཐའ་བསྡུར་ཚེས་10ནས་12ཉིན་བར་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་བྱས་པ་རེད། སྐབས་འདིའི་འགྲན་བསྡུར་ཆེ་མོ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཟླ་4པར་གཉེར་འགོ་ཚུགས་ཡོད། འགྲན་བསྡུར་ལ་ཞིང་ཆེན་རིམ་པའི་འདེམས་སྒྲུག་འགྲན་བསྡུར་དང་། ཁུལ་ཆེན་གྱི་གྲ་སྒྲིག་འགྲན་བསྡུར། རྒྱལ་ཡོངས་ཀྱི་མཐའ་བསྡུར་བཅས་རིམ་གསུམ་འགྲན་བསྡུར་མ་ལག་བསྐྲུན་ཡོད་པ་དང་འགྲན་ཁུལ་ཆེན་པོ་བདུན་བཙུགས་ཏེ“5+N+X”རྣམ་གྲངས་ཀྱི་སྒྲོམ་གཞི་སྤྱད་ཡོད། ཕིང་ཕང་སྤོ་ལོ་དང་། ཆུ་རྐྱལ་སོགས་རྣམ་གྲངས་ཆེན་པོ་ལྔ་ནི་མཐའ་བསྡུར་གྱི་གཏན་འབེབས་རྣམ་གྲངས་ཡིན་པ་དང་། འགྲན་བསྡུར་ཆེ་མོ་ཁུལ་ཁག་གིས་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་དང་མང་ཚོགས་ལས་འགུལ་གྱི་རྨང་གཞིར་གཞི་ཚུགས་ནས་རང་འདེམས་རྣམ་གྲངས་དང་ཁྱད་ལྡན་ཉམས་ལེན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་རེད།
མཐར་བསྡུར་གྱི་ཚོགས་པའི་རྣམ་གྲངས་17གྱི་འགྲན་བསྡུར་ཁྲོད་ཧྲན་ཏུང་ཞིང་ཆེན་གྱིས་གསེར་གྱི་རྟགས་མ་5བླངས་པ་དང་། པེ་ཅིང་གྲོང་ཁྱེར་དང་ཀོང་ཏུང་ཞིང་ཆེན་སོ་སོར་གསེར་གྱི་རྟགས་མ་4ཐོབ་པ། ཧོ་པེ་ཞིང་ཆེན་དང་། ཧོ་ནན་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན་བཅས་སོ་སོར་གསེར་གྱི་རྟགས་མ་1ཐོབ་ཡོད་པ་རེད། ཚེས་12ཉིན། དམངས་ཡོངས་ཀྱི་ལུས་སྦྱོང་འགྲེམས་སྟོན་སྤེལ་རེས་བྱེད་སྒོ་མང་པོ་ཆིང་ཏའོ་རུ་དུས་གཅིག་ཏུ་སྤེལ་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་སྣ་མང་ཕུན་སུམ་ཚོགས་པའི་ལུས་སྦྱོང་ཞབས་ཞུ་བསྒྲུབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།