དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞུང་ཨན་ཁུལ་གསར་ནས་མ་འོངས་པའི་གྲོང་ཁྱེར་ལ་ལྟ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-16


    འདི་ནི་ཧོ་པེ་ཞུང་ཨན་ཁུལ་གསར་གྱི་འགོ་ཚུགས་ཁུལ་དང་པའེ་དབྱང་ཏེན་གྱི་འབྲེལ་མཚམས་སུ་གནས་པའི་ནན་ཧོ་ལྟེ་བའི་ཁུལ་ཡིན་པ།

    པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་བཀྲམ་གཅིག་སྡུད་ཐེག་ནུས་ཁུལ་ཡིན་པའི་ཞུང་ཨན་ཁུལ་གསར་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ས་ཁོངས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལག་རྩལ་གསར་གཏོད་དང་། ཁོར་ཡུག་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་མཉམ་འདྲེས་ཀྱི་དེང་རབས“འབྱུང་འགྱུར་གྲོང་ཁྱེར”ཞིག་བསྐྲུན་རྒྱུ་དེ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། ཞུང་ཨན་ཁུལ་གསར་གྱིས་ཡུན་རིང་གི་འཆར་འགོད་ཀྱིས་ཕུགས་ཀྱི་འདུན་པ་ཇི་ལྟར་ཕན་པ་དངོས་ལ་འགྱུར་བར་ཞིབ་ལྟ་བྱེད་པའི་གོ་སྐབས་ཤིག་མཁོ་འདོན་བྱས་ཡོད་ལ། དེར་བློ་སྒོ་གལ་ཆེན་ཞིག་ཀྱང་ཕྱེ་ཡོད་པ་སྟེ། གྲུབ་འབྲས་ཐོབ་པའི་གྲོང་ཁྱེར་གྱིས་སྔ་ས་ནས་སྡོད་ཁང་དང་། ལས་ཞུགས། འགྲིམ་འགྲུལ། སྤྱི་པའི་ཞབས་ཞུ། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཇུས་འགོད་དང་བཀོད་སྒྲིག་བྱེད་འགོ་ཚུགས་ཡོད།

    ཚན་རྩལ་ནི་ཞུང་ཨན་གྱི་མཚོན་རྟགས་རེད། དེའི་གསར་དར་ལག་རྩལ་གྱི་ཁོངས་སུ་མི་ཐབས་རིག་ནུས་དང་། མཁའ་དབྱིངས་ཆ་འཕྲིན། སྲུང་སྐར་དྲ་སྦྲེལ་བཅས་དང་དེ་བཞིན་གསར་གཏོད་དང་དཔལ་འབྱོར་སྣ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་གྱི་ཐོན་ལས་ཚུད་ཡོད། འོན་ཀྱང་སྔོན་ཐོན་གྱི་སྒྲིག་ཆས་ལ་བརྟེན་ནས་གྲོང་ཁྱེར་ཞིག་ལ་དོན་སྙིང་ལྡན་པའི་ལག་རྩལ་ཡར་རྒྱས་བྱུང་མིན་བརྡར་ཤ་གཅོད་མི་ཐུབ། བསྡུར་ཞིབ་ཀྱི་ཚད་གཞི་ངོ་མ་ནི་ས་གནས་དེ་གའི་གསར་གཏོད་ཀྱིས་ལས་ཞུགས་ཐུབ་མིན་དང་། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་ཐུབ་མིན། ཁེ་ལས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་ཐུབ་མིན་བཅས་ཡིན་པ་མ་ཟད། དམངས་ཚོགས་དཀྱུས་མར་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་མིན་དེའང་རེད།

    ཞུང་ཨན་གྱི་འཕེལ་རྒྱས་ལས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་དུས་མཚམས་དབྱེ་ནས་ལག་བསྟར་དང་ཡུན་རིང་འཆར་འགོད་ཀྱི་གལ་ཆེའི་རང་བཞིན་སྔར་བས་མངོན་ཡོད། དེར་བརྟེན་ཞུང་ཨན་ནི“ཕྱིར་གཏོང”ཐུབ་པའི་ཐོན་རྫས་ཀྱི་འཆར་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད་མི་རུང་བར། རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས། དེས་ཨ་ཧྥེ་རི་ཁར་ལྡན་པའི་དོན་སྙིང་གལ་ཆེན་ནི་སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི་རྩ་དོན་མཐའ་འཁྱོངས་གསལ་པོར་རག་ལས་ཡོད། དབང་ཆ་གཤམ་སྤྲོད་དང་དཔལ་འབྱོར་གྱི་གོ་སྐབས་ཟུང་འབྲེལ་བྱས་ཏེ་ལག་རྩལ་གྱིས་དགོས་མཁོ་དངོས་ལ་བསྟུན་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་གཏོང་བའི་ནང་འཇུག་དགོས།

    —— ནི་ཀྲེ་རི་ཡའི《རྒྱལ་ཁབ་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།