དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཡུལ་ཟོག་ཕྱི་རྒྱལ་གྱི་ཡུལ་སྐོར་བས་དགའ་པོ་བྱེད་པའི་ལག་རྟགས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-16


    ཐུན་མོང་མ་ཡིན་པའི་ཀྲུང་གོའི་གསར་རྩོམ་གྱི་འཆར་འགོད་ཐོན་རྫས་དེ་ཕྱི་རྒྱལ་གྱི་འཛད་སྤྱོད་པའི་དགའ་ཤོས་སུ་གྱུར་ཅིང་། འདི་ནི་ཧྲང་ཧའེ་གྲོང་ཁྱེར་ཤུས་ཧུའེ་ཆུས་ཡན་ཆིང་ལམ་གྱི་ཡུལ་ཟོག་ལྷམ་གོས་ཚོང་ཁང་ཞིག་ནང་མ་ལེ་ཞི་ཡའི་ཡུལ་སྐོར་བ་ཞིག་གིས་ཉོས་མ་ཐག་པའི་ལྷམ་སྟོན་བཞིན་པ།

    ཀྲུང་གོར་རང་ཡུལ་གྱི་གསར་དར་སྤུས་རྟགས་རིམ་གྱིས་ཐོན་ཞིང་། སྤུས་རྟགས་དེ་དག་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་དགའ་བསུ་ཐོབ་སྟེ་ཀྲུང་གོའི་ལག་རྟགས་ཀྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད།

    ཧྲང་ཧའེ་ཧོའེ་ཧའེ་ལམ་ཚོང་སྐོར་དུ་གནས་པའི་ཀོ་བའི་ལྟོ་ཕད་ཚོང་ཁང་ཞིག་ཏུ། རྒྱུན་གཏན་ལས་ཀའི་ཉིན་མོ་ཡིན་རུང་ན་གཞོན་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཚོང་ཁང་གི་ཕྱིར་བང་བསྒྲིགས་ནས་ཟོག་ཉོ་བྱེད་པའི་རྣམ་པ་རྟག་ཏུ་མཐོང་རྒྱུ་ཡོད། སྤུས་རྟགས་དེའི་འཆར་འགོད་ཀྱི་ཐོག་མའི་བསམ་བློ་དེ་ཀྲུང་གོའི་གནའ་རབས་ཀྱི་ཨར་སྐྲུན་དང་རིག་གནས་སོགས་ཤར་ཕྱོགས་ཀྱི་མཛེས་རིག་གཞི་རྒྱུ་ལས་བྱུང་བ་ཞིག་རེད། སྨྱན་སྦྱོར་ལས་རིགས་སུ་ལས་ཀ་བྱེད་མཁན་བུད་མེད་སྐུ་མགྲོན་ཞིག་ཚོང་ཁང་དུ་སྐྱོད་སྐབས“ང་རང་སྤུས་རྟགས་དེའི་བསམ་བཀོད་སྐོར་གྱི་གཏམ་རྒྱུད་ལ་ཧ་ཅང་དགའ་པོ་ཡོད་པས་དེ་ཉོས་ནས་ཕྱི་རྒྱལ་གྱི་གྲོགས་པོར་ལག་རྟགས་སྤྲོད་མཁན་ཡིན”ཞེས་བཤད།

    ཀྲུང་གོའི་གསར་དར་སྤུས་རྟགས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་རར་རྒྱ་སྐྱེད་གཏོང་བའི་འདོད་འདུན་མཚོན་ཞིང་། ཁེ་ལས་ཁག་གཅིག་གིས་ཉེན་ཟོན་མ་འཇོག་སོགས་ཀྱི་ཐབས་ལམ་བརྒྱུད་མ་དངུལ་རག་ཐབས་བྱས་ཡོད། འབྱུང་འགྱུར་སྤུས་རྟགས་འདི་རིགས་ཕྱི་རྒྱལ་གྱི་ཁྲོམ་རར་སྐད་གྲགས་ཆོད་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུ་རེད།

    —— 《རི་པིན་གྱི་དཔལ་འབྱོར་གསར་འགྱུར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།